| | e-texts navigator
|
78a1 བཟང་པོ་གདུལ་བའི་དབང་དུ་ཡང་མཛད།རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྐྱེ་བོ་ཕལ་པོ་ཆེ་གདུལ་བའི་དཕུང་དུ་ཡང་མཛད་ནས།མཁྱེན་བཞིན་དུ་སྒྱུ་མ་མཁན་བཟང
78a2 ལ་དགེ་སློང་གི་དགེ་འདུན་དང་བཅས་ཏེ་ཅང་མི་གསུང་བས་གནང་བར་མཛད་དོ།།དེ་ནས་ཡང་སྒྱུ་མོ་མཁན་བཟང་པོ་འདི་སྙམ་དུ་སེམས་ཏེ།འདི་བདག་རྣམ་པར་པོ་འཚིམ་པའི་བསམ་པ
78a3 དང་ལྡན་པ་ལ་འདིར་ཁས་ལེན་པ་དང་སྦྱར་ན་འདི་ནི་ཐམས་ཅད་མཁྱེན་པ་ཡང་མ་ཡིན་ལ་ཐམས་ཅད་གཟིགས་པ་དང་ལྡན་པ་ཡང་མ་ཡིན་ནོ་སྙམ་མོ།།དེ་ནས་སྒྱུ་མ་མཁན་བཟང་པོས་བཅོམ
78a4 ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།།
78a5 སྒྱུ་མ་མཁན་བཟང་པོས་ནི་སྒྱུ་མེའི་ཟ་མ་ཏོག་གིས་དགེ་སློང་གི་དགེ་འདུན་འདི་ལ་ཐོ་འཚམ་པར་འགྱུར་བ་ལགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།མོའུ་དགལ་གྱི་བུ་ཁྱོད་སྙིད
78a6 ལས་ཆུང་བར་གྱིས་ཤིག་དང་།ངས་ཡུན་རིང་པོ་ནས་སྤྱད་པ་བསྒྲུབས་པས་ན་དེ་བཞིན་གཤེགས་པ་ནི་འདིར་དུས་མཁྱེན་པ་ཡིན་ཏེ།དེ་བཞིན་གཤེགས་པ་ལ་ནི་ལྷ་དང་བཅས་པའི་འཇིག
78a7 རྟེན་གྱིས་ཀྱང་ཐོ་འཚམ་པར་མ་ནས་སོ།།མོའུ་དགལ་གྱི་བུ་བཞིན་ཡང་འདོད་ཆགས་ནི་ཐོ་འཚམ་པར་བྱེད་པ་ཡིན།ཞེ་སྡང་ནི་ཐོ་འཚམ་པར་བྱེད་པ་ཡིན།གཏི་མུག་ནི་ཐོ་འཚམ་པར
iiif viewer powered by OpenSeadragon
77b - 78b