| | e-texts navigator
|
77a1 མངམ་ཡ་མ་སསམམསམ་ཐམ.མམཐ.་མཐཥས་མ་མལ་ཀས་མ
77a2 པད་འགྲོ་བ་དང་བཅས་པ།རི་རབ་དང་བཅས་པ།རྒྱ་མཚོའི་མཐས་གཏུགས་པ།ལྷའི་གནས་དང་བཅས་པ།ཁོར་ཡུག་དང་འོབྱས་སུ་བཅས་པ།
77a3 དང་ཤིང་དང་རིར་བཅས་པ་འདི་ནམ་མཁའ་ལ་བསྐལ་པ་འམ།བསྐལ་པ་ལས་ལྷག་པར་སྐྲའི་རྩེ་མོའི་ཆ་ཤས་ཙམ་ལ་འཛིན་པར་མཛད་དོ་ཞེས་ཐོས་སོ།།ཐོས་ནས་ཀྱང་དེ་འདི
77a4 སྙམ་དུ་སེམས་ཏེ།ཡུལ་མ་ག་དྷ་རིལ་གྱི་སྐྱེ་བོའི་ཚོགས་ཐམས་ཅད་བདག་གིས་འདུན་པར་བྱས་རྨོངས་པར་བྱས་མགོ་འཁོར་བར་བྱས་ནས་ཡ་མཚན་གྱི་ཆོས་ལ་བཀོད་དེ།བྲམ
77a5 ཟོ་དང་ཁྱིམ་བདག་ཆེན་པོ་གང་དག་ཡིན་པ་དེ་དག་ཀྱང་བདག་གི་མིང་གིས་རབ་ཏུ་མགུ་བར་གྱུར་ན།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
77a6 དེ་གཅིག་པུ་ད་དུང་མ་བགམས་རྨོངས་པར་མ་བྱས་མགོ་འཁོར་བར་མ་བྱས་ཀྱིས།མ་ལ་བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ག
77a7 ལ་བ་དེར་འགྲོ་བར་བྱའོ།།སོང་ནས་ཀྱང་འགམ་པར་བྱ་སྟེ།གལ་ཏེ་རྨོངས་པའམ་མགོ་འཁོར་བར་བྱ་ནུས་པ་ལྟ་ན་དེ་ལྟ་ན་ཡུལ་མ་ག་དྷ་ཐམས་ཅད་བདག་ལ་གཅིག་ཏུ་འདུས།
77a8 བདག་གི་རྙེད་པ་དང་ཀུར་སྟི་ཡང་ཆེས་སྟོབས་དང་ལྡན་པར་འགྱུར་རོ་སྙམ་མོ།།དེ་ནས་ཡང་སྒྱུ་མ་མཁན་བཟང་པོ་སྔོན་གྱི་དགེ་བའི་རྩ་བས་བསྐུལ་བ་དང་།སངས་རྒྱས་ཀྱི་མཐུས
iiif viewer powered by OpenSeadragon
76b - 77b