e-texts navigator
Collection
Volume
Page
Wylie

49b1 རྒྱས་འབྱུང་བ་དང་མི་འབྲལ་ལོ།།ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་མཉན་ཏམ་འཛིན་ཏམ་ཀློག་པ་དང་མི་འབྲལ་བ་དེ་སངས་རྒྱས་འབྱུང་བ་དང
49b2 སངས་རྒྱས་ཐམས་ཅད་དང་མི་འབྲལ་ལོ།།དེ་ཅིའི་ཕྱིར་ཞེ་ན།ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདིའི་ནང་དུ་ཡོན་ཏན་ཐམས་ཅད་འདུས་ཤིང་ཆོས་ཀྱི་རྣམ་གྲངས་འདིའི་ནང
49b3 དུ་བསླབ་པ་བསྒྲུབ་པའི་ལམ་གྱི་ཡོན་ཏན་ཐམས་ཅད་འདུས་པར་དེ་བཞིན་གཤེགས་པསྲ་ཡང་དག་པར་རབ་ཏུ་བཤད་པའི་ཕྱིར་རོ།།ཀུན་དགའ་བོ་རིགས་ཀྱི་བུ་འམ།།
49b4 རིགས་ཀྱི་བུ་མོ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱིས་ཁམས་མེས་རབ་ཏུ་གང་བ་ཡང་འབོགས་ཏེ་ཆོས་ཀྱི
49b5 རྣམ་གྲངས་འདི་མཉན་པར་བྱ།ཀུན་ཆུབ་པར་བྱའོ།།ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱི་རབ་ཏུ་གང་བ་ཙམ་ཡང་རི་མོར
49b6 བྱས་ཏེ།སློབ་དཔོན་ལྀ་ཕུལ་ནས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱའོ།།ཀུན་ཆུབ་པར་བྱའོ།།ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་གིས་འདས་པའི་ས་པ
49b7 རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཆོད་རྟེན་རིན་པོ་ཆེ་ལས་སོ་སོར་བྱས་ཏེ་མཆོད་པ་ཐམས་ཅད་ཀྱིས་མཆོད་པ་བཞིན་དུ་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས




iiif viewer powered by OpenSeadragon

49a - 50a

Texts on this page

N50 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo