| | e-texts navigator
|
48b1 གང་གིས་གང་ཁྱིམ་ན་གནས་ཤཱང་རྡུལ་ལ་གནས་པ་ལ་དགའ་བར་བྱེང་།དྲུག་ཤུལ་ཅནྡ་གྱིས་སྨྲས་པ།བཙུན་པ་ཀུན་དགའ་བོ་རྡུལ་ཆུང་ཟད་མེད་དེ་སྙིང་རྗེ་རྣོན་པོ་དདུ་ལྡན
48b2 པས་བདག་བདེ་བ་ལ་མི་རེ་བ་ཡིན།།བཙུན་པ་ཀུན་དགའ་བློ་བྱང་ཆུབ་སེམས་དཔའ་ནི་སྡུག་བསྔལ་ཐམས་ཅད་ཀྱིས་གཟིར་ཀྱང་བཟོད་དེ་སེམས་ཅན་རྣམས་ཡོངས་སུ་མ
48b3 གཏོང་ངོ་།།དེ་སྐད་ཅེས་སྨྲས་པ་དང་།བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཀུན་དགའ་བོ་ཁྱིམ་བདག་དྲག་ཤུལ་ཅན་འདི
48b4 ཁྱིམ་གྱི་ས་ལ་གནས་ནས་བསྐལ་པ་བཟང་པོ་འདི་ལ་སེམས་ཅན་རབ་ཏུ་མང་པོ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་ཏེ།རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའས་ནཱི་བསྐལ་པ
48b5 སྐྱོསྦྱོང་ངམ་བསྐལ་པ་བརྒྱ་སྟོང་དུ་ཡང་དེ་ལྟར་མི་ནུས་སོ།།དེ་ཅིའི་ཕྱིར་ཞེ་ན།ཀུན་དགའི་བོ་འདི་ལྟར་ཁྱིམ་བདག་འདི་ལ་ཡོད་པའི་ཡོན་ཏན་རྣམས་ནི་རབ་ཏུ་བྱུང་བའི་བྱང་ཆུབ
48b6 སེམས་དཔའ་སྟོང་ལ་ཡང་མིང་ངོ་།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་དྲོས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས
48b7 འདི་ཇི་ལྟར་བཟུང་བར་བགྱི།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དྲག་ཤུལ་ཅན་གྱིས་ཞུས་པ་ཞེས་བྱ་བར་ཟུང་ཤིག།ཁྱིམ
iiif viewer powered by OpenSeadragon
48a - 49a