e-texts navigator
Collection
Volume
Page
Wylie

46a1 ཆོས་ལ་རྒྱུ་བ་སོ་སོར་རྟོག་པ་དང་།ཇི་ལྟར་ཆོས་ཀྱི་དབྱིངས་མངོན་པར་འདུ་མི་བྱེད་པ་དང་།ཇི་ལྟར་མི་སྐྱེ་མི་འབྱུང་ཞིང་མཉམ་པ་ཉིད་པ་དེ་ལྟར་ཁྱིམ་བདག་བྱང་ཆུབ
46a2 སེམས་དཔའ་རབ་ཏུ་བྱུང་བ་ཏིང་ངེ་འཛིན་ཡོངས་སུ་དག་པ་ལ་སོ་སོར་རྟོག་གོ།།ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཐོས་ན་དེ
46a3 ལ་སློབ་སྟེ།ཤེས་རབ་ཡོངས་སུ་དགུ་པ་དེ་གང་ཞེ་ན།དེ་འདི་ལྟར་སོ་སོར་རྟོག་གོ།།ཆོས་ཐམས་ཅད་མངོན་སུམ་དུ་ཤེས་པ་དང་།ཚིག་རབ་ཏུ་སྐྱེ་བ་ཤེས་པ་དང་།སོ་སོར་ཡང་དག་པར་རིག
46a4 པལ་འཇུག་པ་ཤེས་པ་དང་།སེམས་ཅན་གཞན་དག་ལ་ཆོས་གོ་བར་ཤེས་པ་སྟེ།ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཤེས་རབ་ཡོངས་སུ་དག་པ་ལ་སོ་སོར་རྟོག་གོ།།
46a5 ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་འདི་ལ་ཤེས་རབ་འདི་ནི་ལུས་མེད་པས་ཐོག་མ་མེད་པའི་མཚན་ཉིད།།རྒྱུ་བ་མེད་པས་གཟུང་བ་མེད་པའི་མཚན་ཉིད།།སྐྱེ་བ་མེད་པས་གན།
46a6 པོ་མེད་པའི་མཚན་ཏོ།།ནམ་པའི་ངོ་བོ་ཉིད་པསྐུ་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དོ་སྙམ་དུ་རབ་ཏུ་སློབ་བོ།།ཁྱིམ་བདག་དེ་ལྟར་ན་གང་འདི་ལྟར་ཆོས་ལ་སོ་སོར་རྟོག་པ་འདི
46a7 ནི་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་བསྒྲུབ་པའོ།།བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྲོག་ཆགས་བརྒྱ་སྟོང་གིས་ནི་བླ་ན་མེད་པ་ཡང་དག་པར




iiif viewer powered by OpenSeadragon

45b - 46b

Texts on this page

N50 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo