e-texts navigator
Collection
Volume
Page
Wylie

45a1 རྙོགས་རྣམས་ལ་གནས་པདང་།སྒྱུས་ན་ན་ཏན་རྫུས་བྱུད་སྒྱུས་པམ་མངོན་པར་དགར་བ་དང་།ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་རྣམས་དང
45a2 མི་འདྲེ་བ་དང་།ཚུལ་འཆོས་པ་མེད་པར་དགོན་པ་ལ་གནས་པོ་སྟེ།བཞི་པ་དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་པའོ།།ཁྱིམ་བདག་གཞན་ཡང་ཚུལ་ཁྲིམས་ཡོངས་སུ་དག
45a3 པ་བཞི་སྟེ།བཞི་གང་ཞེ་ན།ལུས་བསྡམས་པས་ལུས་མི་དམིགས་པ་དང་།དགྲ་བསྡམས་པས་ངག་མི་དམིགས་པ་དང་།ཡིད་བསྡམས་པས་ཡིད་མི་དམིགས་པ་དང་།
45a4 ལྟ་བ་དང་བྲལ་བསྡུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་སྟེ།བཞི་པོ་དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་པའོ།།ཁྱིམ་བདག་གཞན་ཡང་ཚུལ་ཁྲིམས་ཡོངས་སུ་དག
45a5 པཾ་བཞི་སྟེ།བཞི་གང་ཞེ་ན།ངོར་འཛིན་པ་སྤངས་པོ་དང་།ང་ཡིར་འཛིན་པ་བོར་བ་དང་།ཆད་པ་དང་རྟག་པ་དང་བྲལ་བ་དང་།རྟེན་པའི་ཆོས་ལ་འཇུག་པ་སྟེ།བན་པོ་དེ
45a6 དག་ནི་ཚུལ་ཁྲིམས་ཡོངས་སུ་དག་པའོ།།ཁྱིམ་བདག་གཞན་ཡང་ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་སྟེ།བཞི་གང་ཞེ་ན།ཕུང་པོ་རྣམས་ལ་བྱུང་བ་དང་།འཇིག་པ་དང་།
45a7 ཁམས་རྣམས་ལ་ཆོས་ཀྱི་དབྱིངས་སུ་ཡོངས་སུ་འཇལ་བ་དང་།སྐྱེ་མཆེད་རྣམས་ལ་གྲོང་སྟོང་པར་འདུ་ཤེས་པ་དང་།ཐ་སྙད་བཏགས་པ་རྣམས་ལ་མངོན་པར་མ་ཞེན་པ་སྟེ།




iiif viewer powered by OpenSeadragon

44b - 45b

Texts on this page

N50 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo