| | e-texts navigator
|
8b1 དང་མི་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དེ་ཉིད་ཡེ་ཤེས་ཤེས་བྱ་སྟེ།ཡོ་ཤོས་ནི་ཇི་སྐད་དུ་བརྗོད་པ་དེ་བཞིན་དུ་མ་ཡིན་ནོ།།དྲོ་བས་ན་ཡཱ་ཤས་ནཱི་བརྗོད་པར་བྱ་བ
8b2 མ་ཡིན་ཞིང་།ཡུལ་ཐམས་ཅད་ལས་རབ་ཏུ་འདས་པ་སྟེ།ཡེ་ཤེས་ནི་གླང་གི་ཡུལ་ཡང་མ་ཡིནོ།།ཡེ་ཤེས་ཀྱི་ཡུལ་ཡང་གང་ཡང་མ་ཡི་ནོ།།རབ་ཀྱི་རྩལ་གྱིས་རྣམ་པར
8b3 གནོན་པ།ཡེ་ཤེས་བསྟན་པའི་ཡུལ་ཡང་མ་ཡིན།ཕྱོགས་ཀྱང་མ་ཡིན་པ་འདི་གང་གིས་ཤེས་པ་དེ་ནི་ཡེ་ཤེས་ཅན་ནམ་ཡེ་ཤེས་ཅན་མ་ཡིན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོའོ།།
8b4 རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ།གང་འདི་ལྟར་རབ་ཏུ་ཤེས་པ་དང་རྗེ་སུ་རྟོགས་པ་དང་ཀུན་ཏུ་ཤེས་པ་དེ་ནི་ཤེས་རབ་ཅེས་བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ།གང
8b5 འདི་ལྟར་མངོན་པར་རྟོགས་པ་མངོན་སུམ་དུ་བྱེད་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་བྱའོ།།འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་ཇི་སྐད་བརྗོད་པ་བཞིན་དུ་ནི་མ
8b6 ཡིན།།དེ་ཅིའི་ཕྱིར་ཞེ་ན།འཇིག་རྟེན་ཉིད་ཀྱང་མི་དམིགས་ན་འཇིག་རྟེན་ལས་འདས་པའི་ཤེས་རབ་ལྟ་ག་ལ་ཡོད།འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་གང་འཇིག་རྟེན་ལྔས་སྒྲོལ
8b7 བར་འགྱུར་བ་ལྟ་ཅི་སྨོས།དེ་ཅིའི་ཕྱིར་ཞེ་ན།དེས་འཇིག་རྟེན་མི་དམིགས་པས་ཅི་ཡང་སྒྲོལ་བར་མི་བྱེད་དེ།དེའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་བྱའོ།།རབ་ཀྱི་རྩལ
iiif viewer powered by OpenSeadragon
8a - 9a