e-texts navigator
Collection
Volume
Page
Wylie

8a1 བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཅེས་བྱ་བ་དེ་ནི་ཤེས་པའང་མ་ཡིན་ཀུན་ཏུ་མི་ཤེས་པའང་མ་ཡིན་དེ་ལས་ཀྱང་མཱ་ཡིན་དེ་ལ་སྔ་མ་ཡིན་པ་ཡང་མ
8a2 ཡིན་ཏེ་དེའི་ཕྱིར་ཤྭེ་རབ་ཅེས་བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ནི་མི་ཤེས་པའི་སྤྱོད་ཡུལ་ཡང་མ་ཡིན།ཡེ་ཤེས་ཀྱི་སྤྱོད་ཡུལ་ཡང་མ་ཡིན།མི་ཤེས་པའི་ཡུལ་ཡང་།།
8a3 མཱ་ཡིན།ཡེ་ཤེས་ཀྱི་ཡུལ་ཡང་མ་ཡིན་ཏེ།ཡེ་ཤེས་ནི་ཡུལ་མེད་པའོ།།གལ་ཏེ་ཡེ་ཤེས་ལ་ཡུལ་ཡོད་དུ་ཟིན་ནུ་མི་ཤེས་པར་འགྱུརརོ།།ཡེ་ཤེས་ནི་མི་ཤེས་པ་ལས་མ
8a4 ཡིན།མི་ཤེས་པའང་ཡེ་ཤེས་ལས་མ་ཡིན།ཡེ་ཤེས་ནི་མི་ཤེས་པ་མ་ཡིན།ཡེ་ཤེས་པ་ཡང་ཡེ་ཤེས་མ་ཡིན་ཏེ།ཡེ་ཤེས་ཀྱིས་ཡེ་ཤེས་ཤེས་བྱའོ།།ཡེ་ཤེས
8a5 ཀྱིས་མི་ཤེས་པ་ཞེས་བྱའོ།།མི་ཤེས་པས་ཡེ་ཤེས་ཤེས་བྱའོ།།དེ་ལ་ཡེ་ཤེས་དེ་ནི་འདིའོ།།ཡེ་ཤེས་དེ་ནི་འདིའིའོ།།ཡེ་ཤེས་དེ་ནི་འདིསོ།།ཡེ་ཤེས་དེ་ནི་འདིའི་ཕྱིར་རོ་ཞེ
8a6 ཡེ་ཤེས་ཅུང་ཟད་ཀྱང་བསྟན་པར་མི་ནུས་ཏེ།དེའི་ཕྱིར་ཡེ་ཤེས་དེ་ནི་ཡེ་ཤེས་ཉིད་ཀྱིས་མེདོ།།ཡེ་ཤེས་ཀྱང་ཡེ་ཤེསུ་མི་གནས་ཏེ།མི་ཤེས་པས་ཀྱང་ཡེ་ཤེས་ཤེས་མི་བྱའོ།།
8a7 གལ་ཏེ་མི་ཤེས་པས་ཡེ་ཤེས་ཤེས་བྱ་ན་ནི།དེའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཡེ་ཤེས་ཅན་དུ་འགྱུརརོ།།གང་ཡེ་ཤེས་དང་མི་ཤེས་པ་མི་དམིགས་ཤིང་ཡེ་ཤེས




iiif viewer powered by OpenSeadragon

7b - 8b

Texts on this page

N14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa