e-texts navigator
Collection
Volume
Page
Wylie

7a1 དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀུའ་སྩལ་ཏོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལེག་སྔོ་ལྤགསོ།།ཁྱད་སྐྱེའོ།།
7a2 ཕལ་པོ་ཆེ་ལ་སྙིང་བརྩེ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བ་ནི་ཁྱོད་ཀྱི་ཡོན་ཏན་གྱི་མཐའ་རྟོགས་པར་སླ་བ་མ་ཡིནོ།།དེའི་ཕྱིར་རབ་ཀྱི་རྩལ་གྱིས
7a3 རྣམ་པར་གནོན་པ་ལེགས་པར་ཉོན་ལ་ཡིད་ལ་རབ་ཏུ་ཟུང་ཤིག་དང་།ངས་ཁྱོད་ལ་བཤད།།བཅོམ་ལྡན་འདས་ལེག་སོ་ཞེས་གསོལ་ནས།བྱང་ཆུབ་སེམས་དཔའ་སེམས་དཔའ
7a4 ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པོ་དང་།བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ
7a5 ཁྱོད་འདི་སྐདདུ།བཅོམ་ལྡན་འདས་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན།བྱང་ཆུབ་སེམས་དཔའ་རྣམ
7a6 ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་ཞེས་ཟེར་བ་ནི་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ཏེ།ཤཱ
7a7 རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚིག་ཐམས་ཅད་ལས་བླངས་པའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི།འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།།




iiif viewer powered by OpenSeadragon

6b - 7b

Texts on this page

N14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa