| | e-texts navigator
|
6b1 འདུས་མ་བགྱེས་པའི་བདེ་བ་ཉེ་བར་བསྒྲུབ་པར་འཚལ་ཏེ།བདག་སེམས་ཅན་ཐམས་ཅད་ཀྱི་དོན་དང་།སྨན་པ་དང་།བདེ་བ་དང་།གྲུབ་པ་དང་།བདེ་བའི་སླད་དུ་དེ་བཞིན་གཤེགས་པ་ལ་ཞུ
6b2 ལགསོ།།བཅོམ་ལྡན་འདས་བདག་ནི་ཐེ་ཚོམ་མ་མཆིས་པར་འཚལ་ཞིང་།ཐེ་ཚོམ་མཆིས་ནས་ཀྱང་སེམས་ཅན་རྣམས་ཀྱི་ཐེ་ཚོམ་རབ་ཏུ་སྤོང་བའི་སླད་ཆོས་བཤད་པར་འཚལ་ཏེ
6b3 བཅོམ་ལྡན་འདས་བདག་སེམས་ཅན་ཐམས་ཅད་ཀྱི་ཐ་ཚོམ་བསལ་བའི་སླ་དུ་བཅོམ་ལྡན་འདས་ལ་ཞུ་ལགསོ།།དེ་ཅིའི་སླདདུ་ཞེ་ན།བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་སྡུག་བསྔལ།
6b4 རང་མི་མཐུན་ཞིང་བདེ་བ་འཚལ་ལ།སེམས་ཅན་ཐམས་ཅད་ནི་བདེ་བ་དོན་དུ་གཉེར་བ་ལགས་ཏེ།བཅོམ་ལྡན་འདས་ཤེས་རབ་མ་གཏོགས་པར་གཞན་སེམས་ཅན་རྣམས་ཀྱི་བདེ་བ
6b5 གང་ཡང་བདག་གིས་མ་མཐོང་ཞིང་།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ།ཐེག་པ་ཆེན་པོ་མ་གཏོགས་པར་སེམས་ཅན་རྣམས་ཀྱི་བདེ་བ་གང་ཡང་མ་མཆིས་ཏེ།བཅོམ
6b6 ལྡན་འདས་བདག་གིས་དོན་གྱི་དབང་འདི་མཐོང་བས་སེམསོ་ཅན་རྣམས་ལ་བདེ་བ་ཉེ་བར་བསྒྲུབས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞུ་ལགསོ།།བཅོམ་ལྡན་འདས་བྱང་ཆུབ་སེམས
6b7 དཔའ་རྣམས་ཀྱི་དོན་འདི་ཡང་དག་པར་མཐོང་བས་བདག་གི་དེ་བཞིན་གཤེགས་པ་ལ་དོནི་འདི་ཞུ་ལགས་སོ།།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས
iiif viewer powered by OpenSeadragon
6a - 7a