e-texts navigator
Collection
Volume
Page
Wylie

6a1 སྙིང་ཆེན་པོ་དང་ལྡན་པ།སྙོམས་ཅན་ཐམས་ཅད་འདྲ་བ་ཐོབ་པར་བགྱིད་པ།འདྲོན་པ།རྣམ་པར་འདྲེན་པ།ཡོངས་སུ་འདྲེན་པ།ཆོས་ཐམས་ནད་ལ་མི་བརྟན།།
6a2 པར་གནས་པ།སྐྱེ་བའི་གནས་ཐམས་ཅད་མི་ཚོལ་བ།བདུད་ཀྱི་ཞགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ།འདུན་པ་ཅན་བརྩོན་འགྲུས་དང་ལྡན་པ།བྲག་མཆིས་པ།ཆོས
6a3 ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པ།ཐེ་ཚོམ་ཐམས་ཅད་གཅོད་པ་ལ་མཁས་པའི་སེམས་ཅན་རྣམས་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སླད་དུ
6a4 བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པ་ལ་ཞུ་ལགསོ།།བཅོམ་ལྡན་འདས་སེམས་ཅན་གང་དག་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་རློམ་སེམསུ་མི་བགྱིད་ཅིང་མངོན་པར་མི
6a5 ཞེན་ལ་ཆགས་པར་མི་གནས་ཤིང་།རློམ་སེམས་ཐམས་ཅད་ལས་ཡང་དག་པར་འདས་པའི་ལམ་ལ་གནས་པ།ལམ་དུ་ཞུགས་པ།ལམ་སྟོན་པའི་སེམས་ཅན་རྣམས
6a6 དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སླདདུ།བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པ་ལ་ཞུ་ལག་སོ།།བཅོམ་ལྡན་འདས་བདག་ནི་སེམས
6a7 ཅན་ཐམས་ཅད་ལ་བདེ་བ་དང་།ལྷག་ན་མ་མཆིས་པའི་བདེ་བ་དང་།བླ་ན་མ་མཆིས་པའི་བདེ་བ་དང་།མྱ་ངན་ལས་འདས་པའི་བདེ་བ་དང་།སངས་རྒྱས་ཀྱི་བདེ་བ་དང་།




iiif viewer powered by OpenSeadragon

5b - 6b

Texts on this page

N14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa