e-texts navigator
Collection
Volume
Page
Wylie

5b1 །ཤོས་ཚོལ་བ་དང་།ཆགས་པ་མ་མཆིས་པའི་ཡེ་ཤེས་དང་།རང་བྱུང་གི་ཡེ་ཤེས་དང་།མི་མཉམ་བུའི་ཡེ་ཤེས་དང་།བླ་ན་མེད་པའི་ཡེ་ཤོས་ཚོལ་བ་དེ་དག་དང་།གང་དག་བདག།
5b2 དང་ཕ་རོལ་ཀྱང་མི་དམིགས་ན།བདག་ལ་སྟོད་པ་དང་།གཞན་ལ་སྨོད་པ་ལྟ་ག་ལ་མཆིས་ཏེ།བཅོམ་ལྡན་འདས་རྭ་བཅད་པ་ལྟ་བུར་ང་རྒྱལ་མ་མཆིས་པ།ཟུག་རྔུ་ཕྱུང
5b3 གདོལ་པ་ལྟ་བུར་སེམས་དམའ་བ།སེམས་ས་དང་།ཆུ་དང་།མེ་དང་།རླུང་དང་།ན་མཁའ་དང་མཚུངས་པའི་སེམས་ཅན་རྣམས་དང་།བྱང་ཆུབ་སེམས་དཔའ་སེམས
5b4 དཔའ་ཆེན་པོ་རྣམས་ཀྱི་སླད་བདག་དེ་བཞིན་གཤེགས་པ་ལ་ཞུ་ལགསོ།།བཅོམ་ལྡན་འདས་གང་དག་ཆོས་ཀྱང་མི་དམིགས་ཤིང་རློམ་སེམསུ་མི་བགྱིད་ལ་མ་ངོན་པར་ཞེན་པ་མ་མཆིས
5b5 ནི།ཆོས་མི་ལགས་པ་ལྕུ་ག་ལ་མཆིས་ཏེ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སྒྲུང་བདག་དེ་བཞིན་གཤེགས་པ་ལ་ཞུ་བ་ལག་སོ།།བཅོམ་ལྡན་འདས་བསམ
5b6 པ་དག་པ།གཡོ་མ་མཆིས་པ།སྒྱུ་མ་མཆིས་པ།དྲང་བ།སེམས་མཉམ་པ།སེམས་ཅན་ཐམས་ཅད་ལ་སྨན་པ་དང་།སྙིང་བརྩེ་བ་ཅན་ཡང་དག་པར་འཛིན་དུ་སྩོལ་བ།
5b7 ཡང་དག་པར་གཟེང་བསྟོད་པ།ཡང་དག་པར་དགའ་བར་བགྱིད་པ།ཁུར་ཆེན་པོ་ཁྱེར་བ།ཟག་པ་ཆེན་པོ་ལ་མངོན་པར་ཞུགས་པ།བགྱི་བ་ཆེན་པོས་སོ་སོར་ཉེ་བར་གནས་པ།




iiif viewer powered by OpenSeadragon

5a - 6a

Texts on this page

N14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa