| | e-texts navigator
|
5a1 སེམས་འཁྲུལ་པ་རྣམས་ཀྱི་སླད་མ་ལགས།འདོད་པའི་འདམ་དུ་བྱིང་བ་རྣམས་ཀྱི་སླད་མ་ལགས།གལ་ཅན་རྣམས་ཀྱི་སླ་དུ་མ་ལགས།སྒྱུ་ཅན་རྣམས་ཀྱི།
5a2 སླ་དུ་མ་ལགས།བགྱིས་པ་མི་བཟོ་བ་རྣམས་ཀྱི་སླད་དུ་མ་ལགས།སྡིག་པ་འཚོལ་བ་རྣམས་ཀྱི་སླད་དུ་མ་ལགས།སྡིག་པ་སྤྱོད་པ་རྣམས་ཀྱི་སླ་མ་ལགས།ཚུལ
5a3 ཁྲིམས་ཉམས་པ་རྣམས་ཀྱི་སླ་དུ་མ་ལགས།ཚུལ་ཁྲིམས་ཡོངས་སུ་མ་དག་པ་རྣམས་ཀྱི་སླ་དུ་མ་ལགས།ལྟ་བ་མ་ཉམས་པ་རྣམས་ཀྱི་སླད་དུ་མ་ལགས།བདུད་ཀྱི།།
5a4 སྤྱོད་ཡུལ་ལ་སྤྱོད་པ་རྣམས་ཀྱི་སླ་དུ་མ་ལགས།བདག་ལེ་བསྟོད་པ་རྣམས་ཀྱི་སླ་དུ་མ་ལགས།གཞན་ལ་སྨོད་པ་རྣམས་ཀྱི་སླད་དུ་མ་ལགས།རྙེད་པ་དང་བཀུར་སྟི་ལ
5a5 གདུ་བ་རྣམས་ཀྱི་སླ་དུ་མ་ལགས།ལྷུང་བཟེད་དང་ཆོས་གོས་ལ་ཆགས་པ་རྣམས་ཀྱི་སླད་དུ་མ་ལགས།ཚུལ་འཆོས་པ་རྣམས་ཀྱི་སླད་དུ་མ་ལགས།ཁྭ་གསག་ཅན་རྣམས།
5a6 ཀྱི་སླ་མ་ལགས།གཞོག་སློངས་ཅན་རྣམས་ཀྱི་སླད་དུ་མ་ལགས།ཐོབ་ཀྱིས་འཇལ་བ་རྣམས་ཀྱི་སྤྱ་དུ་མ་ལགས།རྙེད་པ་ལ་རྙེད་པར་སྒྲུབ་པ་རྣམས་ཀྱི་སླདདུ་མ་ལགས།
5a7 བཅོམ་ལྡན་འདས་སེམས་ཅན་དེ་ལྟ་བུ་རྣམས་ཀྱི་སླད་དུ་བདག་དེ་བཞིན་གཤེགས་པ་ལ་ཞུ་བ་མ་ལགསོ།།བཅོམ་ལྡན་འདས་སེམས་ཅན་གང་དག་ཐམས་ཅད་མཁྱེན་པའི་ཡེ
iiif viewer powered by OpenSeadragon
4b - 5b