| | e-texts navigator
|
4a1 །།པ་འདྲི་བ་ལེགསོ་ལེག་སོ།།དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན
4a2 པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཁྱོད་དོན་གྱི་དབང་གང་མཐོང་ནས་དེ་བཞིན་གཤེགས་པ་ལ་དོན་འདི་ལྟ་བུ་འདྲི།དེ་སྐད་ཅེས
4a3 བཀའ་སྩལ་པ་དང་།བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན
4a4 འདས་སེམས་ཅན་ཐམས་ཅད་ལ་སྨིན་པ་དང་།སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང་།སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་བདག་དེ་བཞིན་གཤེགས་པ་ལ་ངན
4a5 འདི་ཞུ་ལགས་སོ།།དེ་ཅིའི་སླད་དུ་ཞེ་ན།བཅོམ་ལྡན་འདས་འདི་ལྟ་སྟེ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉན་ཐོས་དང་།རང་སངས་རྒྱས་དང་།བྱང་ཆུབ
4a6 སེམས་དཔའ་དང་།ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་དང་།ཆོས་ཐམས་ཅད་སྡུད་པ་ལོགས་པའི་སླད་དུའོ།།བཅོམ་ལྡན་འདས་དེ་ལ་སེམས་ཙུན་གང་དག
4a7 ཉན་ཐོས་ཀྱི་ཐེག་པ་ལ་ངེས་པར་གྱུར་པ་དེ་དག་གིས་ཐོས་ནི་མྱུར་དུ་ཟག་པ་མ་མཆིས་པའི་ས་མངོན་སུམ་དུ་བགྱིད་པར་འགྱུར་བ་དང་།གང་དག་རང་སངས་རྒྱས་ཀྱི་ཐེག་པ
iiif viewer powered by OpenSeadragon
3b - 4b