| | e-texts navigator
|
129b1 རྒྱལ་པོ་ཉེ་རྩི་དང་།ཀླུའི་རྒྱལ་པོ་རབ་གནས་དང་།ཀླུའི་རྒྱལ་པོ་ས་སྲུང་གི་བུ་དེ་དག་ནི་མི་རྣམས་ཀྱི་ལོངས་སྤྱོད་ཀྱི་ཕྱིར་ཉེ་བར་མི་འགྲོ།མི་རྣམས་ཀྱིས་མཐོང་བར་ཉེ་བར་མི་འགྲོ།དེ་དག་ནི་གཞན་གྱི་ཉེ་བར
129b2 སྤྱོད་པ་དང་།ལོངས་སྤྱོད་ཀྱི་ཕྱིར་ཉེ་བར་མི་འགྲོའོ།།ཀླུའི་རྒྱལ་པོ་དེ་དག་ནི་ཉི་ཅང་ཤེས་རྣམས་ཀྱི་ལོངས་སྤྱོད་རྣམས་ཀྱི་ཕྱིར་ཉེ་བར་འགྲོའོ།།ཇི་ལྟ་ཇི་ལྟ་བུར་ལྷའི་དབང་པོ་བརྒྱ་བྱིན་བཀོད་པ་བྱས་ནས་འགྲོ་བ
129b3 ནོ་ཀླུའི་རྒྱལ་པོ་དེ་དག་ཀྱང་དེ་ལྟ་དེ་ལྟ་བུར་དེ་འདྲེ་བའི་བཀོད་པ་བྱས་ནས་ལོངས་སྤྱོད་ཀྱི་ཕྱིར་ཡང་ཉེ་བར་འགྲོའོ།།རབ་ཀྱི་རྩོལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ནི་འོད་ལྟ་སྟེ་མིའི
129b4 དཔེ་པོམ་ཅིང་ཤེས་རྣམས་ཀྱིས་བཀླག་པ་དང་།བཤད་པ་དང་།རབ་ཏུ་བསྟན་པའི་ཉེ་བར་སྤྱོད་པ་དང་།ལོངས་སྤྱོད་དུ་འགྱུར་ཏེ།ཆོས་ཀྱི་རྣམ་གྲངས་འདི་ནི་དེ་དག་གི་བཀོད་པ་ཆེན་པོ་དང་།རྒྱས་པོ
129b5 ཆེན་པོ་དང་།ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པར་འགྱུར།དེ་དག་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ཀྱི་དགའ་བ་ཆེན་པོ་མྱོང་བར་འགྱུརརོ།།གང་ཆོས་ཀྱི་རྣམ་གྲངས་འདི་ལས་ཚུལ་གཅིག་ཙམ་འཛིན་པ་དེ་དག
129b6 ཀྱང་མཆོག་ཏུ་དགའ་བ་དང་ལྡན་པར་འགྱུར་ན།གང་ཐམས་ཅད་རྫོགས་པར་བྲིས་པ་དང་།འཛིན་པ་དང་།འཆང་བ་དང་།མཆོད་པ་དང་།རྒྱས་པར་བྱེད་པ་ལྟ་ཅི་སྨོས།ཆོས་ཀྱི་རྣམ་གྲངས་འདིས་མི
129b7 དབང་པོ་དང་།མི་ཅང་ཤེས་དེ་དག་གཟུང་བར་འགྱུརརོ།།འདི་ནི་ཅང་ཤེས་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡི་ནོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཐེ་ཚོམི་ཐམས་ཅད་གཅད་པའི་ཕྱིར་ངས
iiif viewer powered by OpenSeadragon
129a - 130a