| | e-texts navigator
|
129a1 པར་འགྱུརརོ།།གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་།འཆང་བ་དང་།ཀློག་པ་དང་།གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི་འདུད་དང་ཕྱིར་རྒོལ་བཆོ
129a2 པར་འགྱུར།ཡུལ་ལས་བརྒྱལ་བར་འགྱུར།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཀྱི་རྣམ་གྲངས་འདི་ནི་ཀུན་ནས་ཉོན་མོངས་པ་ཅན་དང་བདུད་ཀྱི་ཞུགསུཾ་བྱས་བཅིངས་པའི་སེམས་ཅན་རྣམས
129a3 ཀྱི་ལག་ཏུ་འགྲོ་བར་མི་འགྱུར་ཏེ།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཅིང་ཤེས་པ་རྣམས་ཀྱི་ས་ཡིན་གྱི།ཅང་མི་ཤེས་པ་མ་ཡིན་པ་རྣམས་ཀྱིས་ནི་མ་ཡིནོ།།རབ་ཀྱི་རྩལ་གྱིས་རྣམ་པར་གསོ
129a4 པ་འདི་ལྟ་སྟེ་དཔེར་ན་གླང་པོ་ཆེ་ཅང་ཤེས་དང་རྟ་ཅང་ཤེས་གང་ཡིན་པ་དེ་དག་ནི་ཁམས་ཀྱི་རྒྱལ་པོ་རྣམས་ཀྱིས་ཡོངསུ་སྤྱོད་པར་མི་བྱེད།།དེ་དག་ནི་སྐྱེ་བོ་གཏུམ་པོ་རྣམས་ཀྱིས་མཐོང་བར་ཡང་མི
129a5 འགྲོའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གླང་པོ་ཆེ་ཅང་ཤེས་དང་།རྟ་ཅང་ཤེས་དེ་ལྟ་བུ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོས་མཐོང་བར་ཉེ་བར་འགྲོ་སྟེ།དེ་དག་གི་ལོངས་སྤྱོད་དང་།
129a6 བསྙེན་བཀུར་བྱ་བ་དང་།ཡོངས་སུ་སྤྱད་པའི་ཕྱིར་མངོན་པར་བྱུང་བས་དེ་དག་ནའིའཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་ཀྱིས་ཡོངས་སུ་སྤྱོད་པར་འགྱུར་རོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ
129a7 བཞིན་དུ་འད་ལྟ་བུའི་ཆོས་ཀྱི་རྣམ་གྲངས་འདི་ནི་མི་ཅང་ཤེས་ཀྱི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ཀྱི་ཕྱིར་ལག་ཏུ་འགྲོ་བར་འགྱུརརོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ།འདི་ལྟ་སྟེ་དཔེར་ན་ཀླུའི
iiif viewer powered by OpenSeadragon
128b - 129b