e-texts navigator
Collection
Volume
Page
Wylie

128b1 མ་ལགས་པ་བྱིན་གྱིས་བརླབས་པ་འདི་ནི་བྱིན་གྱིས་བརླབས་ཆེན་པོ་ལགས་ཏེ།ཆོས་ཀྱི་བྱིན་གྱིས་བརླངས་འདིས་བདུད་ཀྱི་ཞགས་པ་ཐམས་ཅད་བཀུ་མོ།།རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་བདུད
128b2 སྡིག་ཅན་གྱིས་འཇིག་སོ་སྙམ་དུ་དོགས་པར་མི་བགྱིའོ།།གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་།ཀློག་པ་དང་།གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྦྱིན་པའི་བྱང་ཆུབ་སེམས་དཔའ་དེ
128b3 དགེ་ན་རྒལ་བར་འགྱུར་ལགསོ།།གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་།ཀློག་པ་དང་།གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་དག་ནི་བདུད་སྡིག་ཅན་སྡེ་དང་བཅས་པ་ལས་རྒྱལ
128b4 བར་འགྱུར་ལགས།།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རབ་ཀྱི་སྦྲུལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།དེ་དེ་བཞིན་ནོ།།རབ་ཀྱི་རྩལ་གྱིས་རྣམ་པར
128b5 གནོན་པ་དེ་དེ་བཞིན་ཏེ།ལྷའི་བུ་དེ་དག་གི་ཚིག་ཇི་སྐད་སྨྲས་པ་དེ་བཞིན་ཏེ།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་གཤེགས་པས་ཆོས་ཀྱི་རྣམས་གྲངས་འདི་ལ་བདུད་སྡིག་ཅན
128b6 རྣམས་ཀྱི་མཚམས་བཅད།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ།རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདྲི་འཛིན་པ་དང་།འཆང་བ་དང་།ཀློག་པ་དང་།གཞན
128b7 དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་དག་ནི་བདུད་སྡིག་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་ཏེ།རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བདུད་སྡིག་ཅན་རྣམས་ཀྱིས་མི་ཚུགས




iiif viewer powered by OpenSeadragon

128a - 129a

Texts on this page

N14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa