e-texts navigator
Collection
Volume
Page
Wylie

128a1 དགེ་བའི་རྩ་བ་བསྒྲུབས་པ་བླ་ན་མེད་པའི་ཆོས་རིན་པོ་ཆེའི་མཛོད་འདི་འཛིན་ཅིང་ཀློག་པར་སྤྲོ་ལགསོ།།གང་དག་ཐ་མའི་དུས་དེ་ན་ཆོས་འདི་ཚོལ་བ།ཆོས་འདི་ལ་སློབ་འཚོལ་བ་གཡོ
128a2 བ་མ་མཆིས་པ་དྲན་པ་སྒྱུ་མ་མཆིས་པ།གང་སྲོག་གི་ཕྱིར་ཡང་མི་གཏོང་བ།ཆོས་འདི་ལ་སླར་མ་རྒོལ་བ་ཆོས་ཀྱི་རྣམ་གྲངས་འདི་སྤོང་བར་མི་འགྱུར་བ།ཆོས་ཀྱི་རྣམ་གྲངས་འདི་ལ་རྒྱབ
128a3 ཀྱིས་ཕྱོགས་པར་མི་འགྱུར་བ་ནི་རབ་ཏུ་ཉུང་བར་འགྱུར་ཏེ།དེ་དག་གི་དོན་བགྱི་ཞིང་སྤྲོ་བ་སྩལ་ནས་ཆོས་འདི་ལྟ་བུ་འདི་ལ་ཡང་དག་པར་གཟེང་བསྟོད་པར་བགྱི།ཡང་དག་པར་རབ་ཏུ་དགའ་བར
128a4 བགྱི་ལག་སོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་དུས་ན་ཆོས་ཀྱི་གནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བྱིན་གྱིས་བརླབས་ཏེ།ཆོས་ཀྱི་རྣམ་གྲངས་འདི་ལ་འདུད་སྡིག་ཅན
128a5 རྣམས་ཀྱི་ཞགས་པ་བཅད་པའི་ཕྱིར་བྱིན་གྱིས་བརླབ་པ་མཛད།།དེ་ནས་བཅོམ་ལྡན་འདས་འཛུམ་པོ་མཛད་པ་དང་།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་ཁྱབ་པས
128a6 ཁྱབ་པར་གྱུར་ཏོ།།ལྷ་རྣམས་ཀྱིས་ཀྱང་མི་མཐོང་།།གང་དེར་འདུས་པའི་ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དང་།ལྷ་མ་ཡིན་དང་།ནམ་མཁའ་ལྡིང་དང་།མི་འམ་ཅི་དང་།ལྟོ་འཕྱེ་ཆེན
128a7 པོ་དེ་དག་ཐམས་ཅད་ཀྱིས་ལྷའི་མེ་ཏོག་བཅོམ་ལྡན་འདས་ལ་གཏོར་ལྷའི་གོས་ཀྱང་ཕུལ་ནས་སྒྲ་སྐད་ཆེན་པོ་བྱུང་སྟེ། ལ་ལ།དེ་བཞིན་གཤེགས་པས་བདུད་སྡིག་ཅན་རྣམས་ཀྱི་སྤྱོད་ཡུལ




iiif viewer powered by OpenSeadragon

127b - 128b

Texts on this page

N14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa