| | e-texts navigator
|
127a1 །གཞུག་གོ།།རབ་ཀྱི་རྟུལ་གྱིས་རྣམ་པར་གནོན་པ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐམ་ལ་ངའི་ཉན་ཐོས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་མི་ནུས་པའི་ཕྱིར་ངས་བྱུད།།
127a2 རྒྱ་འདི་བསྟན་ཅིང་བྱིན་གྱིས་བརླབ་སོ།།དེ་ནས་བཅོམ་ལྡན་འདས་ཀྱིས་བཟང་སྐྱོང་དང་།དེད་དཔོན་བཟང་པོ་ལྔ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་།བྱང་ཆུབ་སེམས་དཔའ་སེམས
127a3 དཔའ་ཆེན་པོ་རབ་ཀྱི་རྩོལ་གྱིས་རྣམ་པར་གནོན་པ་ལ་བཀའ་སྩལ་པ།རིགས་ཀྱི་བུ་དག་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་ནས་ཕྱི་མའི་ཚེ་ཕྱི་མའི་དུས་ན་དམ་པའི
127a4 ཆོས་ནུབ་ཅིང་རབ་ཏུ་རྣམ་པར་འཇིག་སྟེ་ཟད་པར་འགྱུར་བའི་དུས་ན།དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་ཡང་དག་པར་བསྒྲུབས་པའི་ཆོས་རིན་པོ
127a5 ཆེའི་མཛོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྱུང་བ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་འདི་གཟུང་བ་དང་།གཞན་དག་ལ་ཡང་རྒྱ
127a6 ཆེར་ཡང་དག་པར་རབ་ཏུ་སྟོན་ནུས་སམ།དེ་སྐད་ཅེས་བཀའ་སྩལ་པ་དང་།བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་ཅག
127a7 གིས་དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་ཡང་དག་པར་བསྒྲུབས་པ་བླ་ན་མེད་པའི་ཆོས་རིན་པོ་ཆེའི་མཛོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངོན་དུ་འགྲོ
iiif viewer powered by OpenSeadragon
126b - 127b