e-texts navigator
Collection
Volume
Page
Wylie

126a1 པར་གྲོལ་བ་ཡང་མ་ཚུགས་མ་བཅིངས་མ་གྲོལ་བའོ།།མངོན་པར་ཤེས་པ་ཡང་མ་ཆགས་མུ་བཅིངས་མ་གྲོལ་བའོ།།རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡང་མ་ཆགས
126a2 མ་བཅིངས་མ་གྲོལ་བའོ།།སོ་སོའི་སྐྱེ་བོ་དང་།ཉན་ཐོས་དང་།རང་སངས་རྒྱས་ཀྱི་ཆོས་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ།།མྱ་ངན་ལས་འདས་པ་ཡང་མ་ཆགས་མ་བཅིངས་མ
126a3 གྲོལ་བའོ།།སངས་རྒྱས་ཀྱི་ཡེ་ཤེསོ་དང་།སྟོབས་དང་།མི་འཇིགས་པ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ།།འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བ་ལ་ཐོགས་པ
126a4 མེད་པའི་ཡེ་ཤེས་མཐོང་བ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ།།དེ་ཅིའི་ཕྱིར་ཞེ་ན།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ལ་བཅིངས་པ་མི་དམིགས་པས་ཆོས་ཐམས
126a5 ཅད་ནི་ཆགས་པ་མེད་བཅིངས་པ་མེད།།དེའི་ཕྱིར་དེ་དག་གི་གྲོལ་བ་མི་དམིགསོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ།ཆགས་པ་མེད་ཅེས་བྱ་བ་དེ་ནི་དེ་དག་ལྔ་གྲོལ་བ་གང་ཡང་མེད
126a6 མོད་ཀྱི་འོན་ཀྱང་གང་དེ་ལྟར་ཆོས་རྣམས་མཐོང་བ་དེ་ནི་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་ཞེས་བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ།མི་ཆགས་པ་ཞེས་བྱ་བ་ནི་ཆགས་པ་མི་དམིགས
126a7 ཤིང་ད་ཆགས་པ་མེད་པ་ལ་ཆགས་པ་ཡང་དག་པ་མ་ཡིན་པའི་ཕྱིར་ཆགས་པ་མེད་པ་ཞེས་བྱ་སྟེ།དེ་ལ་ནི་གང་ཆགས་པར་འགྱུར་བ་འམ།བཅིངས་པར་འགྱུར་བ་ཅི་ཡང་མི་དམིགསོ།།




iiif viewer powered by OpenSeadragon

125b - 126b

Texts on this page

N14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa