e-texts navigator
Collection
Volume
Page
Wylie

125a1 འདི་ལྟ་སྟེ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསློབ་པ་འདྲིས་འཇིག་རྟེན་ཐམས་ཅད་ཀྱི་མཆོག་འཇིག་རྟེན་ཐམས་ཅད་ན་རང་བྱུང་གི་བསླབ་པའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན།
125a2 བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་པ་དང་།འཇིག་རྟེན་ལས་འདས་པ་དང་།འདུས་བྱས་དང་།འདུས་མ་བྱས་དང་།ཟག་པ་དང་བཅས་པ་དང་།།
125a3 ཟག་པ་མེད་པ་དང་།ཁོ་ན་མ་ཐོ་བ་དང་བཅས་པ་དང་།ཁ་ན་མ་ཐོ་བ་མེད་པ་དང་།ཆོས་གང་ལ་ཡང་སློབ་པར་མི་འགྱུརརོ།།གང་དུ་ཡང་ཆགས་པ་མི་བསྐྱེད་ཆོས་ཐམས་ཅད་ལ་མི་ཆ་ཁང་གན
125a4 འགྱུརརོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་ཆགས་པ་མེད་བཅིངས་པ་མེད་གྲོལ་བ་མེད།ཆོས་གང་འདུ་བར་རམ་བཅིངས་པར་ཉེ་བར་གནས་པ་མ་ཡིན་པའི་ཕྱིརརོ།།
125a5 རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་མ་ཆགས་མ་བཅིངས་མ་གྲོལ་བའོ།།ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་ཡང་མ་ཆགས་མ
125a6 བཅིངས་མ་གྲོལ་བའོ།།མེང་དང་གཟུགས་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ།།ཕྱིན་ཅི་ལོག་དང་།སྒྲིབ་པ་དང་ལྟེ་བར་གྱུར་པ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ།།
125a7 འདོད་ཆགས་དང་།ཞེ་སྡང་དང་།གཏི་མུག་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ།།ནང་གི་སྐྱེ་མཆེད་དྲུག་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ།།ཕྱིའི་སྐྱེ་མཆེད་དྲུག་ཀྱང




iiif viewer powered by OpenSeadragon

123b - 125b

Texts on this page

N14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa