| | e-texts navigator
|
123b1 གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་མཆོག་ལ་སློབ་པའོ།།སེམས་ཅན་ཐམས་ཅད་ཀྱི་མྱ་ངན་ལས་འདས
123b2 པའི་ལམ་རྣམ་པར་སྦྱང་བའི་ཕྱིར་སློབ་པའོ།།དེ་ཅིའི་ཕྱིར་ཞེ་ན།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་དེ་ནི་མཆོག་དམ་པ་རབ་ཕུལ་དུ་ཟུང་བ་བླ་ན
123b3 མེད་པའི་བསློབ་པའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་བསློབ་པ་ཐམས་ཅད་ཀྱི་དམ་པའི་མཆོག་རྙེད་པར་འགྱུར།བསླབ་པ་ཐཾད་བཟུང་བས
123b4 འབྱུང་བར་འགྱུར།བསླབ་པ་ཐམས་ཅད་ཀྱང་སྟོན་པར་འགྱུར།བསླབ་པ་ཐམས་ཅད་ཐོབ་པར་བྱེད་པར་འགྱུརརོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདས་པ་དང་།མ་འོངས་པ་དང་།ར
123b5 ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བསླབ་པ་འདི་ལ་བསླབ་སོ།།སློབ་པོ།སློབ་པར་འགྱུར་རོ།།སངས་རྒྱས་བཅོམ་ལྡན་འདས་རྣམས་བསླབ་པ
123b6 འདྲི་ལེ་ཤིན་ཏུ་གནས་ནས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བསླབ་པ་ཡོངས་སུ་དག་པ་ཡང་དག་པར་རབ་ཏུ་བསྟན།ཡང་དག་པར་རབ་ཏུ་སྟོན་ཡང་དག་པར་རབ་ཏུ་སྟོན་པར་འགྱུར།།
123b7 ཅིའི་ཕྱིར་ཞེ་ན།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་འདི་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་བསླབ་པ་ཡིན་པའི་ཕྱིར
iiif viewer powered by OpenSeadragon
123a - 125a