e-texts navigator
Collection
Volume
Page
Wylie

123a1 །རྒྱུ་མྱོང་བ་དེ་དག་ཐམས་ཅད་ཀྱང་འདི་སྟེ་སྟོང་བཞིན་གཤེགས་པའི་འགྲོ་བའམ་ཐམས་ཅད་མཁྱེན་པའི་འགྲོ་བར་འགྲོ་བ་གཅིག་ཏུ་འགྱུ་།།ཀྱི་རྒྱས་ཀྱིས་རྣམ་པར་གནན་པ་འདི
123a2 དཔེར་ན་མཚོ་ཆེན་པོ་རྒྱ་མཚོ་ཆེན་པོ་ནི་ཆུ་ཐད་ཀུན་ཏུ་འཛིན་ཏེ།དེར་རྟག་ཏུ་ཆུ་ཐམས་ཅད་འབེབ་པོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བྱང་ཆུབ་སེ་ཧཱ།
123a3 གེ་ལག་ཏུ་འགྲོ་བ་དེ་མྱུར་དུ་ཆོས་ཐམས་ཅད་ཀྱི་རྒྱ་མཚོ་དང་།ཆོས་ཐམས་ཅད་ཀྱི་སྣོད་དང་།ཆོས་ཐམས་ཅད་ཡང་དག་པར་འདུ་བར་འགྱུར་ཏེ།མྱུར་དུ་ཆོས་ཀྱི་བརྡས་མི་འཁྲུགས་པར་འགྱུར་ཞིང་དེང
123a4 ཐུག་པར་རིག་པར་བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ་དཔེར་ན་ཉི་མའི་དཀྱིལ་འཁོར་ཤར་ན་འོད་ཐད་མོག་མོག་པོར་བྱེད།།རབ་ཀྱི་རྩལ་གྱིས་རྣར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི
123a5 རོལ་ཏུ་ཕྱིན་པ་འདི་ཤར་བའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྣང་བར་བྱེད་པར་ཉེ་བར་གནས་པར་འགྱུར་ཏེ།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེངའི་འདི
123a6 ལ་ཤར་བས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་སྣང་བར་བྱེད་པར་ཉེ་བར་གནས་པར་འགྱུར།སེམས་ཅན་ཐམས་ཅད་ཀྱི་སྦྱིན་གན་སུ་འགྱུར།སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི
123a7 ཞིང་རྣམ་པར་དག་པར་འགྱུར།སེམས་ཅན་ཐམས་ཅད་ཀྱིས་འགྲོ་བར་བྱ་བར་འགྱུར་སེམས་ཅན་ཐམས་ཅད་ཀྱིས་མཆོད་པར་འགྱུར།རབ་ཏུ་བསྟོང་པར་འགྱུརརོ།།རབ་ཀྱི་རྩལ་གྱིས་རྣར།




iiif viewer powered by OpenSeadragon

122b - 123b

Texts on this page

N14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa