| | e-texts navigator
|
122b1 ནུམ་བྱང་ཆུབ་སེམས་དཔའ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མངོན་དུ་གྱུར་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྦྱོར་བར་བྱེད་ན།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ།།
122b2 སེམས་དཔའ་འདི་རིང་པོ་མ་ཐོགས་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་བརླན་པར་བྱས་ནས་ཐམས་ཅད་མཁྱེན་པའོ་ཡེ་ཤེས་རྣམ་པར་འབྱེད་པར་འགྱུར།ཐམས་ཅད་མཁྱེན་པའི་ཡེ་ཤེས
122b3 རབ་ཏུ་སྟོན་པར་འགྱུར་ཏེ།དེས་བླ་ན་མེད་པའི་ཆོས་རིན་པོ་ཚ་རབ་ཏུ་བསྟན་པའི་ཕྱིར་སེམས་ཅན་རྣམས་བརླན་པར་བྱེད་པར་རིག་པར་བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནན་པོ་འདི་ལྟ་སྟེ་དཔེར་ན
122b4 གང་དག་ཀླུའི་རྒྱལ་པོ་མ་དྲོས་པའི་གནསུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་ཀླུང་ཆེན་པོ་བཞི་འབེབས་ཤིང་རྒྱ་མཚོ་ཆེན་པོ་འགེངས་པར་འགྱུརརོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ
122b5 བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་བྱང་ཆུབ་སེམས་དཔའ་གང་དག་གི་ལག་ཏུ་སོང་ཞིང་འདི་ལ་སློབ་པ་དེ་དག་ཐམས་ཅད་ཀྱང་ཆོས་ཆེན་པོའི་རྒྱུན་རབ་ཏུ་འབེབས་ཤིང་ཆོས་ཀྱི་སྦྱིན་པ
122b6 དེས་སེམས་ཅན་ཐམས་ཅད་ལ་ཚིམ་པར་བྱེད་པར་འགྱུར་རོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ་དཔེར་ན་སེམས་ཅན་གང་དག་རིའི་རྒྱལ་པོ་རི་རབ་ཀྱི་དྲུང་དུ་ཕྱིན་པ་དེ་དག་ཐམས་ཅ
122b7 ནནིའདི་ལྟ་སྟེ་།གསེར་གྱི་ཁ་དག་ཏུ་ཁ་དོག་གཅིག་པར་འགྱུར།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བྱང་ཆུབ་སེམས་དཔའ་གང་གི་ལག
iiif viewer powered by OpenSeadragon
122a - 123a