e-texts navigator
Collection
Volume
Page
Wylie

121b1 པར་བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ་དཔོར་ནི་སེམས་ཅན་གང་དག་དགེ་བའི་རྩ་བ་མཆོག་དང་ལྡན་པར་གྱུར་ཅིང་སྤྱོད་པ་ཡང་བཟུང་རྒྱ་ཆེན་པོ་ལ་ཡང་མོས་པར་གྱུར་ཡཱ།དེ་དག་མིའི
121b2 ལུས་ལ་མི་མཐུན་པར་འདུ་ཤེས་འཇོག་ཅིང་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ་སྐྱེ་བོ་མང་པོའི་བྱེ་བ་བྱེད་པར་གྱུར་པ།ལྷར་སྐྱེ་བར་འདོད་ན་དེ་དག་མྱུར་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས
121b3 དང་སྐལ་བ་མཉམ་པར་སྐྱེ་ཞིང་དེ་ན་ཡང་དབང་པོ་བྱེད་པར་འགྱུར་བར་རིག་པར་བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གྲང་སུ་དོག་དགེ་བའི་རྩ་བ་ཡོང་སུ་དག་ཕྲ་དང་།དགེ་བའི་རྩ་བ་མཆོག་དང
121b4 ལྡན་པ་སྔར་སྦྱིན་པ་སྦྱིན་ཞིང་ཕྱིས་བདག་སྤྱོད་པ་དང་།སྔར་སེམས་ཅན་གཞན་དག་གི་བྱ་བ་བྱེད་ཕྱིས་བདག་གི་བྱེད་པ་དང་།ཆོས་མ་ཡིན་པཱ་ལ་འདོད་ཅིང་ཆགས་པ་མེད་པ་དང་མི་བཟད་པའི་འདོད་པ་དང་།
121b5 ཆགས་པ་མེད་པ་དང་།ལྷའི་དབང་པོ་དང་།བདག་པོར་འདོད་པ་དེ་དག་ནི་རིང་པོར་མི་ཐོགས་པར་མི་གཡོ་མི་བསྐྱོད་པར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་དབང་པོ་དང་བདག་པོ་བྱེད་པར་འགྱུར་ཏེ།
121b6 ལྷའི་དབང་པོ་བརྒྱ་བྱིན་དུ་ཡང་འགྱུར་བར་རིག་པར་བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་གང་ལ་ཉེ་བར་གྱུར་པ་དེ་མྱུར་དུ།
121b7 ཆོས་ཐམས་ཅད་ལ་དབང་བྱེད་པའི་དབང་པོ་རྗེསུ་ཐོབ་པར་འགྱུར་ཞིང་དེར་ཐུག་པར་རིག་པར་བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ་དཔེར་ན་སེམས་ཅན་གང་དག་ཚངས་པའི་གནས




iiif viewer powered by OpenSeadragon

121a - 122a

Texts on this page

N14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa