| | e-texts navigator
|
121a1 ཁྲིམས་ཀྱང་སྲུང་ལ།ང་རྒྱལ་བཅོམ་པའི་སེམས་ཅན་དེ་དག་མྱུར་དུ་རིགས་མཐོན་པོ་དང་ལོངས་སྤྱོད་ཆེན་པོར་འགྱུར་ཏེ་དེར་ཐུག་པར་རིག་པར་བྱའོ།།རབ་ཀྱི་རྩལ་གྱིས་ནར
121a2 གནོན་པ་འདི་ལྟ་སྟེ་དཔེར་ན་སེམས་ཅན་གང་དག་སྦྱིན་པའི་ངང་ཚུལ་ཅན་དུ་གྱུར་པ།ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ།བཟོད་པ་ཕུན་སུམ་ཚོགས་པར་གྱུར་པ།སེམས
121a3 ཅན་ལ་བྱམས་པ་བསྐྱེད་པ།སེམས་ཅན་རྣམས་ཀྱང་ཚུལ་ཁྲིམས་འཛིན་དུ་འཇུག་ཅིང་དབང་པོར་གྱུར་པ་ལ་སོགས་པ་དེ་དག་ནི་མྱུར་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱེད་པར་འགྱུར་བར
121a4 རིག་པར་བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་གང་གི་ལག་ཏུ་འགྲོ་བར་འགྱུར་བ་དེ་མྱུར་དུ་བྱང་ཆུབ་ཀྱི
121a5 སྙིང་པོར་འགྲོ་བར་རིག་པར་བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ་དཔེར་ན་རྒྱལ་པོ་རྒྱལ་རིགས་གང་ཟླ་བ་ཉ་ཚེས་བཅོ་ལྔ་ལ་དོན་བྱེད་ཅིང་འདུག་པའི་མདུན་དུ་འཁོར་ལོ
121a6 རིནྡ་པོ་ཆེ་བྱུང་བ་གྱུར་ན་དེ་ཉིད་འཁོར་ལོས་བསྒྱུར་བར་འགྱུར་ཞིང་མྱུར་དུ་དེའི་རིན་པོ་ཆེ་སྣ་བདུན་ཐམས་ཅད་ཀྱང་འབྱུང་བར་འགྱུར་བར་རིག་པར་བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ
121a7 བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་བྱང་ཆུབ་སེམས་དཔེའ་གང་གི་ལག་ཏུ་འགྲོ་བར་འགྱུར་བ་དེ་མྱུར་དུ་ཐམས་ཅད་མཁྱེན་པོའི་དམིགས་པ་དང་ལྡན་པར་འགྱུར་བར་རིག
iiif viewer powered by OpenSeadragon
120b - 121b