e-texts navigator
Collection
Volume
Page
Wylie

120b1 དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྲུབ་པར་འགྱུ་རོ་ཞེས་ངས་བཤད་དེར་ཐུག་པར་ཡང་རིག་པར་བྱའོ།།རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དྲོ་དག་ནི་ཚོགས་ཆེན་པོ་བསགས་པས
120b2 དགེ་བའི་རྩ་བ་གཞན་ཡང་ཡོངས་སུ་སྡུད་པར་འགྱུརརོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་བསྟན་པའི་ལེའུ་འདི་བྱང་ཆུབ་སེམས་དཔའ་གང
120b3 དག་གི་ལག་ཏུ་སོང་བར་འགྱུར་བ་དེ་དག་ཁ་ཅིག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་སུམ་དུ་ལུང་མ་བསྟན་ཀྱང་དེ་དག་ནི་ལུང་བསྟན་པ་དང་ཉེ་སྟེ།དེ་དག་ནི་རིང་པོ་མི་ཐོགས་པར
120b4 མངོན་སུམ་དུ་ལུང་བསྟན་པ་ཐོབ་པར་འགྱུར་བར་རིག་པར་བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ་དཔེར་ན་སེམས་ཅན་གང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་སྟེ།
120b5 འདུག་པའི་སེམས་ཅན་དེ་དག་བྱང་གི་སྒྲ་མི་སྙན་དུ་སྐྱེ་བ་དང་ཉེ་བ་སྟེ་དེར་ཐུག་པར་རིག་པར་བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ།དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང
120b6 ཆུབ་སེམས་དཔའ་གང་གི་ལྷག་ཏུ་འགྲོ་བར་འགྱུར་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ་ཡིན་པར་རིག་པར་བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ
120b7 དཔེར་ན་སེམས་ཅན་གང་དག་སྦྱིན་པ་སྦྱིན་ཞིང་ལྷུག་པར་གཏོང་བར་འགྱུར་ལ།སེམས་ཅན་རྣམས་ཀྱང་སྦྱིན་པ་དང་།སྙན་པར་སྨྲ་བ་དང་།དོན་སྤྱོད་པ་དང་།དོན་འཐུན་པས་ཀུན་སྡུད་ཅིང་ཚུལ




iiif viewer powered by OpenSeadragon

120a - 121a

Texts on this page

N14 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa