| | e-texts navigator
|
120a1 གཞན་སུས་ཀྱང་ཆོས་དང་མཐུན་པར་སྔོན་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འདོད་པ་དང་།ཆོས་ཀྱི་གཏམུ་བྱེད་པར་འདོད་པ་དང་།སངས་རྒྱས་ཀྱི་སར་ལུང་བསྟན་པར་འདོད་པ་དང་།
120a2 ཉན་གྱིས་ཀྱིས་ལ་ལུང་བསྟན་པར་འདོད་པ་དང་།རེངས་ས་རྒྱས་ཀྱི་ས་ལ་ལུང་བསྟན་པ་འདོད་པ་དང་།སེམས་ཅན་རྣམས་ཀྱི་སྔོན་གྱི་སྨོན་ལ་མི་དང་།དགེ་སྦྱོང་རྩ་བ་བསྐུལ་བར་འདོད་པས་ཤེས་ར
120a3 ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ།།བརྩོན་པར་བྱའོ།།འབད་པར་བྱའོ།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པར་སྦྱོར་བ་ལ་བརྩོན་པར་བྱའོ།།རབ་ཀྱི་རྩིལ་གྱིས་རྣམ་པར་གནོན་པ
120a4 ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ལ་བརྩོན་པ་དང་།ནུན་ཏན་བྱེད་པ་དང་།འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གནས་པའི་གནས་པ་དེ་མི་འདོར་བ་ལས་སངས་རྒྱས་ཀྱི་ཆོས་ཐམས
120a5 ཅད་མྱུར་དུ་ཡོངས་སུ་རྫོགས་པར་བྱེད་པ་དེ་ལྟ་བུ་བྱང་ཆུབ་སེམས་དཔའི་ཆོས་གཞན་གང་ཡང་ངས་མ་མཐོང་།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ།བྱང་ཆུབ་སེམས་དཔའ་གང་ལ་ལ་ཤེས་རབ་ཀྱི་ཕ
120a6 རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ན་བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་ཞིང་དེར་ཐུགས་པར་རིག་པར་བྱའོ།།རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ།ཤེས་རབ་ཀྱི
120a7 རོལ་ཏུ་ཕྱིན་པ་འདི་གང་ལ་ལའི་རྣ་ལམ་དུ་ཐོས་པ་དང་།ཐོས་ནས་ཀྱང་མོས་པ་དང་།མངོན་པར་དགའ་བ་དང་།ཡང་དག་པར་འདུ་ཤེས་བསྐྱེད་པ་དེ་དག་ཀྱང་དགེ་བའི་རྩ་བ་དེས་བླ་ན་མེད་པ་ཡང
iiif viewer powered by OpenSeadragon
119b - 120b