e-texts navigator
Collection
Volume
Page
Wylie

481a1 སྔོན་པོ་ལ་བཤང་བ་དང་གཅི་བ་དོར་བར་མི་བྱའོ་ཞེས་བྱ་བ་ནས།ནད་པ་ཡིན་ནཱ་རྗེ་སུ་གནདོ་ཞེས་བྱ་བའི་བ་རོ།།དེ་བཞིན་དུ་མཆིལ་མ་འདོར་བར་བྱེད་པ་དང་།འདོར་བར་མི་བྱའོ་ཞེས
481a2 བྱ་བ་ནས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ནད་པ་ཡིན་ནོ་རྗེ་སུ་གནང་ཞེས་བྱ་བའི་བ.རོ།།དེ་བཞིན་དུ་སྣ་བྲ་ལ་ཡང་བརྗོད་པར་བྱའོ།།ཇི་ཙ་མོ་ན་སྐྱུགས་པ་དང་།རླུགས་པ་དག
481a3 འདོར་བར་བྱེད་པ་ནས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།མི་ན་བེར་འགྲེང་སྟེ་བཤད་པ་དང་གཅི་བར་མི་བྱ་བློ་དང་།མིན་པར་རྩེ་སྔོན་པོ་ཡོད་པའི་ས་ཕྱོགསུ་བཤང་བ་དང་བིཅ་བ་དང
481a4 མཆིལ་མོ་དང་སྣབས་དང་།སྐྱེགས་པ་དང་།རླུགས་པ་མི་འདོར་བར་བསླབ་པར་བྱའོ་ཞེས་བྱ་བའི་བར།།དེ་བཞིན་དུ།གྲོང་དུ་སེར་སྐྱེའི་གཞིར་ཀུན་དགོའ་ར་བའི་སྲུངས་མ་དང་།སྒོམ
481a5 དགའ་མོ་ཇི་ལྟ་བ་དེ་བཞིན་དུ།གོ་ཙོ་བླག་མཁན་ལ་ཡང་བརྗོད་པར་བྱ་སྟེ།ཇི་ཙམ་ནོ་བཀྲ་སྨན་ཟོས་ནས་ཞེས་བྱ་བ་ནས།མི་གཅིང་བསོ་བསུག་པའི་སྣོད་དང་།བརྡབ་པོའི་གཞི་དང་གོས
481a6 བཤལ་བའི་ཆུ་སྣོད་མ་རུང་བར་བྱསོ།།དེ་ནས་བཙོ་བླག་མཁནྡ་དྲ།གོས་ལ་བྲུ་བ་ན་གོས་དེ་ཚོན་ཁྲ་བོ་སྣ་ཚོགས་ཀྱིས་ཚོན་གྱི་བཀྲ་བ་དང་།མེནམ་པ་མཐོང་ཞེས་བྱ་བའི་བྱ་རོ།།དེ་ནས་སྦོམ
481a7 དགའ་མོ་འོངས་ནས།འདི་སྐད་ཅེ་སྨྲསོ།།ཀྱེ་ནང་རྗེ་གོས་དག་ཅི་སྟེ་སྐྱ་བོར་གྱུར་དེས་འདི་སྐད་ཅེས་འབིགས་མ་ཁྱོད་ཀྱི་མ་བྱས་གྲང་ཞེ་སྨྲས་པ་དང་།སྦོམ་དགའ་མོས་འདི་སྐད་ཅེས




iiif viewer powered by OpenSeadragon

480b - 481b

Texts on this page

N5 - dge slong ma'i 'dul ba rnam par 'byed pa