e-texts navigator
Collection
Volume
Page
Wylie

44b1 སྦྱོར་བ་དང་།ཤེས་གསལ་དང་།ངེས་པའི་ཚིག་དང་།བསྡེབ་སྦྱོར་བསྡུས་པ་དང་།སྐར་མའི་རིག་པ་དང་།རྟོགས་བྱེད་ཀྱི་རེག་པ་དང་།ཆུར་ལྷུང་གི་རིག་པ་དང་།ཆེར་སྤྱོད་ཀྱི་རིག་པ་དང་།འཇིག་རྟེན
44b2 རྒྱོད་པན་པའི་རིག་པ་དང་།བྱེ་བྲག་པའི་རིག་པ་དང་།རྒྱུད་དྲུག་ཅུ་པོའི་རིག་པ་དང་།ཁྱུར་མིག་གི་རིག་པ་དང་།གནས་འདུག་གི་རིག་པ་དང་།རིག་པའི་གནས་བཅོ་བརྒྱད་པོ་འདྲི་དག་ཐམས་ཅད་ལ།
44b3 བློ་ཤིན་ཏུ་རྣོ་བར་གྱུར་ཏོ།།རོ་ཤིག་ན་ཕས་དེ་ལ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བྲམ་ཟེ་གཙང་སྐྲ་ཅན་གྱིས་ཇི་སྙེད་ཐོས་པ་འདོན་པོ་བྱེད་དུ་གཏད་པ་དང་།དེས་དེ་ལྟར་བགྱིའོ་ཞེས་པའི་ཚིག་མཉན་ནས་དེ་བཞིན
44b4 དུ་བྱས་སོ།།དེ་ནས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནྱ་གྷོ་དྷི་འདི་སྙམ་དུ།བདག་གི་རིགས་རྒྱུད་ནི་ཆེ།བདག་ནོར་རྒྱ་ཆེན་པོ་དང་ནི་ལྡན་པ་ཡིན་ཏེ།ཁྱིམ་འདི་ལྟ་བུར་རྒྱུ་མེད་པར་བུ་དག་ཉིང་མཚམ
44b5 སྦྱོར་བ་མི་ལེན་ལ།བྲམ་ཟེ་རྣམས་ཀྱི་ལུགས་ནི་ལོ་བཞི་བཅུ་རྩ་བརྒྱད་དུ་ཚངས་པར་སྤྱོད་པ་ཡོངསུ་བསྲུང་བ་བྱས་སྟེ།རྒས་པའི་གནས་སྐབས་ན་ཆུང་མ་དང་ལྷན་ཅིག་རྩེ་བར་བྱེད།དགའ་བར
44b6 བྱེད།དགའ་དགུར་སྤྱོད་པར་བྱེད་པ་ཡིན་ན།བདག་གིས་ནི་ཐོག་མ་ཉིད་ནས་བུ་ལ་བོག་མ་བླང་པར་བྱའོ་སྙམ་དུ་བསམས་ནས།དེས་ཏུ་གྲེ་དྷ་སྐྱེས་དེ་ལོ་སྨྲས་པ།བུ་འཇིག་རྟེན་ན་འདི་ནི་ཆོས
44b7 ཉིད་ཡིན་པས།རིགས་བརྒྱུད་ཀྱི་ཕྱིར་ཁྱོད་ཀྱི་བག་མ་བླང་བར་བྱའོ།།དེས་སྨྲས་པ།ཡབ་བདག་ལོ་མཆིས་བླང་ཅིར་འཚལ་ཏེ།བདག་ནི་དཀའ་ཐུབ་ཀྱི་ནག་སུ་གནས་པར་བགྱིའོ།།ཕ་དེས




iiif viewer powered by OpenSeadragon

44a - 45a

Texts on this page

N5 - dge slong ma'i 'dul ba rnam par 'byed pa