| | e-texts navigator
|
44a1 དང་།དྲི་མ་འཕྱི་བའི་མ་མ་གཉིས་དང་།རྩེད་འགྲོགས་ཀྱི་མ་མ་གཉིས་ལ་གཏད་དེ།།ལྕགས་ཀྱི་མདུའ་ཐོགས་ཤིང་།བསྲུང་ཁུག་དང་རྫ་བྱའི་མདོངས་མང་ན
44a2 ཐོགས་ནས།འོ་མ་དང་།ཞོ་དང་།མར་སོར་དང་།ཞུན་མར་དང་།མར་གྱི་སྙིང་ཁུ་དང་།གཞན་ཡང་ཡོ་བྱད་ཀྱི་བྱེད་བྲག་གཙོ་བོ་གཙོ་བོ་དག་གྲིས་སྲིང་པར་བྱེད།སྐྱེད་པར་བྱེད་དོ།།དེ་ཡང་རྫིང་ན
44a3 གནས་པའི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ།།དེ་གང་གི་ཚེ་ཆེན་པོར་གྱུར་པ་ནེའི་ཡི་གེ་སློབ་ཏུ་ཅུག་པ་ལསོ།དེ་ཉི་མ་ཉུང་ཤས་ཡི་གེའི་ཕ་རོལ་ཏུ་སོན་ཅིང་དེའི་ཚེ་ན།བྲམ་ཟེའི་སྤྱོད་ཚུལ་དང་།
44a4 སྤྱོད་པ་དང་།གཙང་སྦྲ་དང་།ཀུན་ཏུ་སྤྱོད་པ་དང་།ཐལ་བ་གླང་བ་དང་།བྱ་མ་བུམ་བླང་བ་དང་།ས་བླང་བ་དང་།རབ་བསྔགས་བྱ་བ་དང་།འཐོར་འཐུང་བྱ་བ་དང་།བཟླས་བརྗོད་བྱ་བ་དང་།ཡང
44a5 དག་པར་སྡོམ་པ་དང་།ངེས་པར་བྱ་བ་དང་།དུས་མཚམ་སུ་ཉེ་བར་སྤྱད་པར་བྱ་བ་དང་།ངེས་བརྗོད་ཀྱི་རིག་བྱེད་དང་།མཆོད་སྦྱིན་གྱི་རིག་བྱེད་དང་།སྙན་ཚིག་གི་རིག་བྱེད་དང་།སྲིད་སྲུང་གི་རིག་བྱེད
44a6 དང་།བྲམ་ཟེའི་ལས་དྲག་པོ་མཆོད་སྦྱིན་བྱེད་པ་དང་།མཆོད་སྦྱིན་བྱེད་དུ་འཇུག་པ་དང་།ཀློག་པ་དང་།ཀློག་ཏུ་འཇུག་པོ་དང་།སྦྱིན་པ་དང་།ལེན་པ་ལ་མཁས་པར་གྱུར་ཏོ།།རིག་པའི་གནས
44a7 བཅཝ་བརྒྱད་དག་ལ་ཡང་མཁས་པར་གྱུར་ཏོ།འདི་ལྟ་སྟེ།གསོང་སྔགས་དང་རྒྱུད་དང་།ཆོ་ག་ཞིབ་མོ་དང་།གཏན་ཚིགས་ཀྱི་རིགས་པ་དང་།རིགས་བྱེད་དང་།བརྡ་སྤྲོད་པ་དང་།སྒྲ་ངེས་པར
iiif viewer powered by OpenSeadragon
43b - 44b