| | e-texts navigator
|
41b1 སྐྱེས་པ་ནི་བུ་གཅིག་པའི་ཕྱིར་དེ་དག་སུས་ཀྱང་རབ་ཏུ་འབྱུང་དུ་མི་སྟོར་རོ།།དེ་ལྟ་བས་ན་བདག་ལ་བྲམ་ཟེའི་ཁྱིམ་དུ་སྐྱེ་བ་དགོས་པ་མེད་དོ།།ཚངས་པ་ཆེན་པོས་འདི་སྐད་ཅེས་སྨྲས་སོ།།གལ་ཏེ་དེ་ལྟ
41b2 ཡོན་ན་ཡང་འོན་ཀྱང་ངས་གསོལ་བ་བཏབ་པ་བཞིན་དེར་ཉིང་མཚམས་སྦྱར་བ་ལོན་ཤིག་དང་།དེའི་ཚེ་ངོས་ཁྱོད་ཀྱི་ཕ་མ་གཉིས་ལ་དུས་དུས་སུ་བསྐུལ་བར་བྱའོ།།དེ་ནས་དེས་ཀྱང་གནང་ངོ་།།དེ་ནས
41b3 ལྷའི་བུ་བསོད་ནམས་ཀྱི་རྣམ་པར་སྨིན་པས་དབང་ཆེ་བར་གྲགས་པ།སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་།སྲིད་པ་ཐ་མ་པ་སྤྱོད་པ་ཚོལ་བ།འཆང་བ་ཉམས་སྨད་པ་དང་།ཐར་པའི
41b4 ཚོགས་བཟུང་བ།མྱ་ངན་ལས་འདས་པ་ལ་ཕྱོགས་པ།འཁོར་བ་ལས་ཕྱིར་ཕྱོགས་པ།སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་དང་།སྐྱེ་བ་དོན་དུ་མི་གཉེར་བ།ལུས་ཐ་མ་འཛིན་པ།དེ་ལྷའི་འཇི
41b5 རྟེན་ནས་ཤི་འཕོས་ཏེ།ཆུང་མ་དེའི་མངལ་དུ་ཉིང་མཚམས་སྦྱོར་བ་བླངསོ།།འདི་ན་བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ཤེས་པར་བྱ་བའི་གནས་ལྔ་རབ་ཏུ་ཤེས་ཏེ།སྐྱེས་པ་ཆགས
41b6 པར་གྱུར་པ་ཤེས་ཤིང་།སྐྱེས་པ་ཆགས་པ་དང་བྲལ་བ་ཤེས་པ་དང་།དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་།མངལ་དུ་ཞུགས་པ་ཤེས་པ་དང་།གང་ལས་མངལ་དུ་ཞུགས་པ་དེ་ཡང་ཤེས
41b7 པ་དང་།ཁྱེའུར་ཤེས་ཤིང་བུ་མོར་ཤེས་པ་སྟེ།གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་ཅིང་འདུག་ལ།གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་རྟེན་ཅིང་འདུག་པའོ།།བུད་མེད་དེས་ཀྱང
iiif viewer powered by OpenSeadragon
41a - 42a