e-texts navigator
Collection
Volume
Page
Wylie

41a1 པ་འདིས་ཅི་ཞིག་བྱ།བྲམ་ཟེ་ནི་ལོག་པར་ལྟ་བ་ཡིན་ལ།བྲམ་ཟེའི་ཁྱིམ་དུ་ཉིང་མཚམས་སྦྱོར་བ་བྱེད་པ་ཡང་།དཔེར་ན་མེ་འགའ་ཞིག་གསེར་གྱི་སྒྲོག་ལ་ཆགས་པའི་བྱུར
41a2 རང་གི་རྐང་པ་སྒྲོག་ཏུ་འཇུག་པར་བྱེད་པ་དེ་དང་འདྲའོ།།ད་ལྟར་བྱང་ཆུབ་སེམས་དཔའ་འདོད་པ་ན་སྤྱོད་པའི་ལྷ་དྲུག་ལོ་ལན་གསུམ་གྱི་བར་དུ་ཡོངསུ་སྦྱང་བ་མཛད་ནས།དགའ་ལྡན་གྱི་ལྷའི་རིས
41a3 ནས་ཤི་འཕོས་ཏེ།མཚན་མོ་ནམ་ཕྱེད་ཀྱི་ཚེ་ས་སྲུང་གི་བུ་དང་འདྲ་བར་གླང་པོ་ཆེའི་ཕྲུག་གུ་དཀར་པོ་ཁ་བའི་མདོག་ཅན་མཆེ་བ་དྲུག་པ་ཡན་ལག་བདུན་ལེགས་པར་གནས་པ་ཅན་དུ་གྱུར་ཏེ།གངས
41a4 རིའི་ངོས་དང་ཉེ་བ་ཆུ་བོ་གང་གཱའི་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ན།ཤཱཀྱ་རྣམས་འཁད་པ་དེ་ན་རྒྱལ་པོ་ཟས་གཙང་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་པ།
41a5 དེའི་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་དེའི་ལྷུམསུ་ཉིང་མཚམས་སྦྱོར་བ་བླངས་ནས།ཟླ་བ་བཅུ་ཐམ་པ་འདས་པ་དང་།བལྟམ་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན
41a6 པར་འཚེང་རྒྱོ་བར་འགྱུར་ཞིང་དེས་ཆོས་ཀྱི་མཆེད་སྡོང་བསྐྲང་བར་འགྱུར།ཆོས་ཀྱི་རྔ་རྡུང་པར་འགྱུར།ཆོས་ཀྱི་མཆོད་སྦྱིན་སྦྱིན་པའི་བར་དུ་འགྱུར་པས་བདག་ཀྱང་གནས་འདི་ནས་འཆི་།
41a7 འཕོས་ནས་དབང་ཆུང་བར་གྲགས་པའི་ཁྱིམ་དུ་ཉིང་མཚམས་སྦྱོར་བ་བླངས་ཏེ་ངེས་པར་བྱུང་ནས་བསྟན་པ་ལ་རབ་ཏུ་བྱུང་སྟེ།བདུད་རྩི་རྟགས་པར་བྱ་དགོས་ལ།བྲམ་ཟེ་ཕྱུག་པོའི་ཁྱིམ་དུ




iiif viewer powered by OpenSeadragon

40b - 41b

Texts on this page

N5 - dge slong ma'i 'dul ba rnam par 'byed pa