e-texts navigator
Collection
Volume
Page
Wylie

39b1 དེ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་དྲུང་དུ་སོང་སྟེ་ཕྱིན་ནས།ཡུལ་འཁོར་སྲུང་ལ་སྨྲས་པ།ཉེ་དབང་བདག་གནས་ནས་བསྐྱེད་པར་འགྱུར་དུ་མཆིས།གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་ན།བྲམ་ཟེ
39b2 ཤིང་ས་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས།བུ་རྙེད་པར་འགྱུར་བར་སྤྲོ་བ་བསྐྱེད་དུ་གསོལ།དེ་འདི་སྙམ་དུ་སྔོན་གྱི་ལས་ཀྱི་རྒྱུའི་སྟོབས་བསྐྱེད་པས་བུ་དང་།བུ་མོ་དག་ཡོད་པ་ཡིན་གྱིས།འདི་ལ
39b3 བདག་ལ་ནི་དབང་མེད་དོ་སྙམ་དུ་བསམས་ནས།དེས་དེ་ལ་སྨྲས་པ།བདག་གིས་ནི་བུ་འམ།བུ་མོ་སྦྱིན་པར་མི་ནུས།།འོན་ཀྱང་ཚུར་ཤོག།རྒྱལ་པོ་ཆེན་པོ་འཕགས་སྐྱེས
39b4 བོའི་དྲུང་དུ་འདོང་ངོ་།།དེ་གཉིས་འཕགས་སྐྱེས་པོའི་དྲུང་དུ་དོང་སྟེ་ཕྱིན་ནས།དོན་དེ་ཉིད་དེ་ལ་སྨྲས་སོ།།དེ་བཞིན་དུ་རྒྱལ་པོ་ཆེན་པོ་མིག་མི་བཟང་དང་།རྣམ་ཐོས་ཀྱི་བུའི་དྲུང་དུ་སོང་སྟེ་ཕྱིན་ནས་སྨྲས་ན།
39b5 དེ་དག་གིས་ཀྱང་རང་གི་ལས་ཀྱིས་བུ་དང་།བུ་མོ་དག་འབྱུང་གི་འདི་ལ་བདག་ཅག་ལ་ནི་དབང་མེད་དོ་ཞེས་སྨྲས།།དེ་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་ལྷའི་དབང་པོ་བརྒྱ་བྱིན་གྱི་དྲུང་དུ་དོང་ཏེ་སྨྲས་པ།ཀོའུ
39b6 ཤི་ཀ་བདག་ཅག་གི་འཁོར་དུ་གཏོགས་པ་ཞིག་རང་གི་གནས་ནས་བསྐྲད་པར་འགྱུར་གྱིས།གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་དེར།བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་བུ་རྙེད་པར
39b7 འགྱུར་བར་སྤྲོ་བ་བསྐྱེད་དུ་གསོལ།བརྒྱ་བྱིན་གྱིས་སྨྲས་པ།ཉེ་དབང་དག་རང་གི་ལས་ཀྱིས་བུ་དང་།བུ་མོ་དག་འབྱུང་གི།བདག་གིས་ནི་སུ་ལ་ཡང་བུ་འམ་བུ་མོ་སྦྱིན་པར་མི་ནུསོ།།དེ་ནས




iiif viewer powered by OpenSeadragon

39a - 40a

Texts on this page

N5 - dge slong ma'i 'dul ba rnam par 'byed pa