| | e-texts navigator
|
38b1 ནས་དེ་སྟེང་གི་ཁང་བཟངས་ཀྱི་སྟེང་དུ་སང་སྟེ་ལག་པ་ལ་འགྲམ་པ་བཏང་ནས།བདག་གི་ཁྱིམ་གྱི་འབྱོར་པ་རྒྱ་ཆེན་པོའི་དི་ལྟ་བུ་མེད་པའི་བླར་བ་ཞེས་པར་འོང་ངོ་ཞེས་སེམས་ཁོངསུ་ཆུད་ཅིང
38b2 འདུག་གོ།།དེ་ནས་དེའི་དྲུང་དུ་ཉེ་དུ་རྣམས་ཝཱ་བཱ་ཏེ།འདི་སྐད་ཅེས་སྨྲས།།ནྱ་གྲོ་དྷ་ཁྱོད་ཅིའི་ཕྱིར་ཡིད་མི་བདེ་ཞིང་འདུག།དེས་སྐབས་དེ་ཉེ་དུ་རྣམས་ལ་རྒྱ་ཆེར་སྨྲས་པ་དང་།དེ་དག་གིས་འདི་སྐད
38b3 ཅེས་སྨྲསོ།།ལྷ་རྣམས་དང་འཇུག་ངོགས་དགེ་ལ་སྟོན་ཅིག།དེས་འདི་སྐད་ཅེས་སྨྲས།སྔར་ལྷ་འམ།འཇུག་ངོགས་གང་ལ་མ་བསྟེན་པ་དེ་ཡང་མེད་ན།འོན་ཀྱང་བདག་ལ་བུ་འམ་བུ་མོ་ཡང་མེད།
38b4 དེ་ནས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷའི་མ་འོངས་ནས།།འདྲི་སྐད་ཅེས་སྨྲསོ།།བུ་ནྱ་གྲོ་དྷ་ཁྱོད་ཇི་སྟེ་ཡིད་མི་བདེ།དེས་འདི་སྐད་ཅེས་སྨྲས།།ཡུམ་ཅི་བདག་གི་ཡིད་མི་བདེ་བ་ཆུང
38b5 ངམ།བདག་གི་ཁྱིམ་གྱི་ཡོ་བྱད་རྒྱ་ཆེན་པོ་འདི་ལྟ་བུ།བུ་མེད་པའི་ཕྱིར་བླར་བ་ཞེས་པར་འགྱུར་རོ།།བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་དྷརྨྨ་དྷཱའི་སྟེད་མོས་ཚུལ་ན།ལྗོན་ཤིང་ནྱ་གྲྀ་དྷ
38b6 ཆེན་པོ་ཡལ་གདོང་།མགོ་ལྕོགས་དང་།མདབ་མ་དང་།ལོ་མ་ཕུན་སུམ་ཚོགས་ཤིང་།མདབ་མ་རྒྱ་ཆེ་ལ་ཡ་ལཾ་ག་གཱ་ཡེ་ཟ་བྱཾ་ཞིག་ཡོད་ནི།དེའི་མིང་གིས་གྲོང་ཁྱེར་ནྱ་གྲོ་དྷཿ
38b7 ཞེས་བྱ་བར་ཤེས་སོ།།མས་དེ་ལ་སྨྲས་པ།བུ་ཁྱོད་ཀྱི་ཕ་ཡང་བུ་མེད་པར་གྱུར་ནས།དེས་ཀྱང་ལྷ་བརྒྱ་སྟོང་དུ་མ་ལ་བུའི་ཕྱིར་།སྩོལ་པ་བཏབ་བོ།།འོན་ཀྱང་དེ་ལ་བུ་ཡོང་མེད་ཅིང་བུ་མོ
iiif viewer powered by OpenSeadragon
38a - 39a