e-texts navigator
Collection
Volume
Page
Wylie

37a1 བསྡུས་པ་དང་།།རྒྱས་པ་མ་ཡིན་བརྗོད་པར་བྱས།།འདུལ་བ་དེ་ནི་ང་ལས་ཉོན།།བསྐལ་པ་བྱེ་བ་རྣམ་སུ་ཡང་།།འདུལ་བ་ཐོས་པར་འགྱུར་བ་དང་།།གཟུང་དང་འཛིན་པ་རྙེད
37a2 དཀའ་སྟེ།།སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ།།སངས་རྒྱས་རྣམས་ནི་འབྱུང་བ་བདེ།།ཆོས་བསྟན་པ་ཡང་བདོ་བ་ཡིན།།དགེ་འདུན་འཐུན་པ་བདེ་བ་སྟེ།།འཐུན་པ་རྣམས་ཀྱི་དཀའ་ཐུབ་པདེ།།
37a3 ཆོས་ཐོས་པ་དང་མཐོང་བ་ཡིས།།དབེན་པར་དགའ་བ་བདེ་བ་ཡིན།།འཇིག་རྟེན་སྲོག་ཆགས་འབྱུང་པོ་ལ།།མའི་ཚེ་ཡང་དག་སྡོམ་པ་བདེ།།འཇིག་རྟེན་འདོད་ཆགས་བྲལ་བ་དང་།།འདོད་པ
37a4 རྣམས་ལས་རྒྱལ་བ་བདེ།།ངའོ་ང་རྒྱལ་དུལ་བ་གང་།།དེ་ནི་མཆོག་ཏུ་བདེ་བ་ཡིན།།ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ།།མང་དུ་ཐོས་པ་མཐོང་བ་བདེ།།ཡང་སྲིད་རྣམ་པར་གྲོལ་བ་ཡི།།དགྲ
37a5 བཅོམ་པ་དག་མཐོང་བ་བདེ།།འཕགས་པ་རྣམས་ནི་མཐོང་བ་བདེ།།དམ་པ་རྣམས་དང་འགྲོགས་པ་བདེ།།བྱིས་པ་རྣམས་ནི་མ་མཐོང་ན།།རྟག་ཏུ་བདེ་བ་ཉིད་དུ་འགྱུར།།འཇུག་ངོགས་བདེ་བའི།
37a6 ཆུ་ཀླུང་བདེ།།ཆོས་ལ་གོམས་པའི་སྐྱེ་བོ་བདེ།།ཤེས་རབ་ཐོས་པར་གྱུར་པ་བདེ།།ངའོ་ང་རྒྱལ་ཟད་པ་བདོ།།འཇིག་རྟེན་དགེ་སྦྱོང་འཛིན་པ་བདེ།།དེ་བཞིན་བྲམ་ཟེ་འཛིན་པ་བདེ།།འཇིག
37a7 རྟེན་ནི་ནི་ཕར་འཛིན་བདེ།།དེ་བཞིན་མོར་འཛིན་ཉིད་ཀྱང་བདེ།།ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག།དགོན་པ་ཞི་བ་རྣམསུ་རྒོས་གྱུར་དང་།།མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ།།ལང་ཚ




iiif viewer powered by OpenSeadragon

36b - 37b

Texts on this page

N5 - dge slong ma'i 'dul ba rnam par 'byed pa