e-texts navigator
Collection
Volume
Page
Wylie

43a1 ཞེས་བྱ་བ་ནས་མི་གཏི་མུག་ཅན་ཁྱོད་ཀྱིས་སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པ་དུག་དག་པ་རྩུབ་པ་དུག་རྣོ་བའི་ཁར་རང་གི་ཡན་ལག་གི་རྣམ་པ་བཅུག་པར་གྱུར་པ་ནི་བླང།
43a2 དེལྟར་གྱུར་པས་དུད་འགྲོའི་སྐྱེ་གན་སུ་སྐྱེས་པ་ལ་ནི་མ་ཡི་ནོ་ཞེས་བྱ་བའི་བར་རྣམ་པར་སྨད་པ་མཛད་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་རྨད་ནུས་དགེ་སློང
43a3 རྣམས་ལ་བཀའ་སྩལ་པ།དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པའོ།།འདི་ནི་རྗེ་སུ་བཅས་པའོ།།ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ།ཡང་དགེ
43a4 སློང་གང་དགེ་སློང་རྣམས་དང་ལྷན་གཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཐོ་ན་དུད་འགྲོའི
43a5 སྐྱེགན་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ་དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།།ཡང་དགེ་སློང་གང་ཞེས་བྱ་བ་ནི་དགེ་སློང་རྣམ་པ་བཞི་པོ་མིང་གི་དགེ་སློང་དང་།ཁས
43a6 འཆི་བའི་དགེ་སློང་དང་།སློང་བའི་ཕྱིར་དགེ་སློང་དང་།ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་ལས་མིང་གི་དགེ་སློང་གང་ཞེ་ན།གང་གི་མཽ་མིང་དུ་བརྗོད་པ་དང་།ཚིག་གཉིས་པ་དང་།ཚིག
43a7 བླ་ངགས་དང་འདུ་ཤེས་དང་།བོད་པ་དང་གདགས་པ་དང་།ཐ་སྙད་དགེ་སློང་ཞེའམོ་དགེ་སློང་གི་རིགས་ཤེས་མ།དགེ་སློང་དང་འདྲ་བར་གྱུར་པ་ཞེས་བྱ་བ་དེ་ནི་མིང་གི་དགེ་སློང་ཞེས་བྱའོ།།




iiif viewer powered by OpenSeadragon

42b - 43b

Texts on this page

N3 - 'dul ba rnam par 'byed pa