e-texts navigator
Collection
Volume
Page
Wylie

42a1 རོ་སྨད་སྟོབས་པར་བྱེད་ནས་དགེ་སློང་དེ་འདི་ལྟ་སྟེ།དགེ་སློང་དེ་དག་ལ་ངོ་ཚ་བས་ད་ཟློག་པར་བྱེད་དོ།།སྤྲ་མོ་དེ་ལན་གཉིས་ལན་གསུམ་དུ་དགེ་སློང་དེའི་གདོང་དུ་རྣམ་པར་ལྟ
42a2 བར་བྱེད།རོ་སྨད་སྟབས་པར་བྱེད་ནས།དགེ་སློང་དེ་འདི་ལྟ་སྟེ་དགེ་སློང་དེ་དག་ལ་ངོ་ཚ་བ།ལན་གཉིས་ལོན་གསུམ་དུ་དེ་ཟློག་པར་བྱེད།།དེ་ནས་སྨྲ་མ་དེ་ཁྲོས་འཁྲུགས་རྔམ་པར་གྱུར
42a3 ཅིང་ཡིད་མི་དགའ་ནས།དགེ་སློང་དེའི་གདོང་དང་སྣ་དང་ཆོས་གས་རྐང་པའི་སེན་མོ་དག་གིས་མངོན་པར་བྲད་དེ་མཐའ་ཅིག་ཏུ་སོང་ནས་དུ་རུ་རུ་ཟེར་ཞིང་ཁྱི་ཆུ་གསུ་འདུག།དེ་ནས་དག
42a4 སློང་དེ་དག་གིས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲསོ།།ཚེ་དང་ལྡན་པ་ཅིའི་ཕྱིར་དགོན་པའི་སྤྲ་མོ་འདི་ཁྱོད་ཀྱི་གདོང་དུ་རྣམ་པར་ལྟ་བར་བྱེད་རོ་སྨད་སྟོབས་པར་མྱེད་ནས།ཁྱོད་འདི་ལྟ་སྟེ་ཁེ
42a5 བོ་ཅད་ལ་ངོ་ཚ་བས་དེ་ཟློག་པར་བྱེད་ཅིའི་ཕྱིར་དགོན་པའི་སྤྲ་མོ་འདི་ལན་གཉིས་ལན་གསུམ་དུ་ཁྱོད་ཀྱི་གདོང་དུ་རྣམ་པར་ལྟ་བར་བྱེད་རོ་སླད་སྟོབས་པར་བྱེད་ནས་ཁྱོད་འདི་ལྟ་སྟེ་ཁོ་བོ་ཅག་ལ
42a6 ངོ་ཚ་བས་དེ་ཟློག་པར་བྱེད།འོན་ཀྱང་དགོན་པའི་སྤྲ་མོ་འདི་ཁྱོད་ལ་ཁྲོས་འཁྲུགས་རྔམ་པར་གྱུར་ཅིང་ཡིད་མི་དགའ་ནས།ཁྱོད་ཀྱི་གདོང་དང་སྣ་དང་ཆོས་གོས་རྐང་པའི་སེན་མོ་དག་གིས
42a7 མངོན་པར་དྲད་དེ་མཐའ་གཅིག་ཏུ་སོང་ནས་དུ་རུ་རུ་ཟེར་ཞིང་ཁྱི་ཚུགསུ་འདུག།དེས་སྐངས་དེ་དགེ་སློང་དེ་དག་ལ་རྒྱས་པར་བརྗོད་དོ།།དེ་སྐད་ཅེས་སྨྲས་པ་དང་།དགེ་སློང་དེ་དག་གིས




iiif viewer powered by OpenSeadragon

41b - 42b

Texts on this page

N3 - 'dul ba rnam par 'byed pa