| | e-texts navigator
|
41b1 དང་།ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཡངས་པར་གྱུར་པ་ལྷ་དང་།མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བའོ།།ངའི་ཉན་ཐོས་རྣམས་ཀྱིས་འདུལ
41b2 བ་ལ་བསླབ་པའི་གཞི་འོད་ལྟརརོ་གདོན་པར་བྱ་སྟེ།ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས
41b3 པར་སྤྱོད་པ་འཁྲིག་པའི་ཆོས་བསྟོན་ན་དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།།ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད
41b4 སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལྀན་ད་ཀའི་གནས་ན་བཞུག་སོ།།དེའི་ཚེ་ན་དགེ་སློང་ཞིག་རྒྱལ་པོའི་ཁབ་ན་དགོན་པའི་སྤྱིལ་བུ་ན་འདུག།
41b5 དེ་ནས་དགེ་སློང་དེས་དགོན་པའི་སྡེ་མོ་ཞིག་ཟས་ཀྱིས་བརྗོད་བརྗོད་ནས།དེ་དང་ལྷན་ཅིག་མ་ཚངས་པར་སྤྱོད་པའི་འཁྲིག་པའི་ཆོས་བསྟན་ཏོ།།དེ་ནས་དགེ་སློང་རབ་ཏུ་མང་པོ་དག་གནས་ཉུལ་ཞིང་རྒྱུ
41b6 བ་ན་དགེ་སློང་དེའི་སྤྱིལ་བུ་ག་ལ་བ་དེར་དོང་སྟེ་ཕྱིན་ནས།དགེ་སློང་དེ་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་།ཡང་དག་པར་མགུ་བར་འགྱུར་བའི་གཏམ་སྣ་ཚོགས་བྱསཏེ
41b7 མཐའ་གཅིག་ཏུ་འཁོད་དོ།།དེ་ནས་སྤྲ་མོདོ་སྔོན་གྱི་སྡིག་པ་ཅན་དམ་པ་མ་ཡིན་པའི་ཆོས་དེ་ཉིད་རྗེ་སུ་དྲན་ནས་དགེ་སློང་དག་ལ་བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་དེའི་གདོང་དུ་རྣམ་པར་ལྟ་བར་བྱེད།
iiif viewer powered by OpenSeadragon
41a - 42a