e-texts navigator
Collection
Volume
Page
Wylie

41a1 འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བའི་ཆོས་བསྟན་པ་དང་།ཞེ་སྡང་འདོད་ཆགས་དང་བྲལ་བར་བྱ་བ་དང་།ད
41a2 མུག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བའི་ཆོས་བསྟན་པ་ལ།ཁྱོད་ཀྱིས་ཅིའི་ཕྱིར་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་མི་གཏི་མུ
41a3 ཅན་ཁྱོད་ཀྱིས་སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པ་དུག་དྲག་པོ་དུག་རྣོ་བའི་ཁར་རང་གི་ཡན་ལག་གིས་རྣམ་པ་བཅུག་པར་གྱུར་པ་ནི་བླའི།དེ་ལྟར་གྱུར་པས་བུད་མེད་ཀྱི་ཡུལ་ལ་ནི་མ་ཡིན་ནོ་ཞེས
41a4 རྣམ་པར་སྲུང་བ་མཛད་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས།དགེ་སློང་རྣམས་ལ་བཀའ་སྩལ་པ།དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར
41a5 གཟིགས་པས།འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་བནི་བཅེན་བར་བྱ་སྟེ།འདི་ལྟ་སྟེ།དགེ་འདུན་བསྡུ་བའི་ཕྱིར་དང་།དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་།དགེ་འདུན་བདེ་བར
41a6 གནས་པར་བྱ་བའི་ཕྱིར་དང་།གནོད་མི་བཀུར་བའི་གང་ཟག་རྣམས་ཚར་གཅོད་པའི་ཕྱིར་དང་།ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང་།མངོན་པར་མ་དད་པ་རྣམས་མངོ
41a7 པར་དད་པར་བྱ་བའི་ཕྱིར་དང་།མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དང་།ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང་།ཚེ་རབས་ཕྱི་མའི་རྣམས་བཟློག་པའི་ཕྱིར།




iiif viewer powered by OpenSeadragon

40b - 41b

Texts on this page

N3 - 'dul ba rnam par 'byed pa