e-texts navigator
Collection
Volume
Page
Wylie

40b1 མང་པོ་རྣམས་ཀྱི་དང་པོ་ནཱི་ཀ་ལྡན་དཀའི་བུ་བཟང་བྱིན་གྱིས་འདི་ལྟ་སྟེ་ནི་ཚངས་པར་སྤྱོད་པའི་རྐྱེན་གྱིས་བྱས་པར་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང
40b2 སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛོད།།དེ་བཞིན་གཤེགས་པ་ནི་དོན་གྱི་དབང་གཉིས་གཟིགས་པ་ན་དགེ་སློང་གི་དགེ་འདུན་སྡུད་པར་མཛད་དེ།འདི་ལྟ་སྟེ།ངའི་ཉན་ཐོས
40b3 རྣམས་ཀྱིས་ཀུན་ཤེས་པ་ཉིད་དུ་བྱ་བའི་ཕྱིར་དང་།ངས་འདུལ་བ་ལ་བསླབ་པའི་ཕྱིར་ལེགས་པར་བཅས་པར་འགྱུར་བའོ།།སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨད་པར་མཛད་པ
40b4 སྟེ།མཁྱེན་བཞིན་དུ་རྨེད་པ།མཁྱེན་ཀྱང་མི་རྨེད་པ།དུས་སུ་རྨེད་པ།དུས་ལས་ཡོལ་བར་མི་རྨེད་པ།དོན་དང་ལྡན་པ་རྨེད་པ།དོན་དང་མི་ལྡན་འདས་པ་རྨེད་པས།སངས་རྒྱས་བཅོམ་ལྡན
40b5 འདས་རྣམས་ནི་དོན་དང་མི་ལྡན་པ་རྨེད་པ་ལ་ཆུ་ལོན་གྱིས་བཟློག་པར་མཛད་པ་ཡིན་ནོ།།དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་ལྡན་པ་རྨེད་པ་ལ་དུས་མཁྱེན་པ་ཡིན་པས།སངས་རྒྱས
40b6 བཅོམ་ལྡན་འདས་ཀྱིས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་ལ་སྨྲས་པ།བཟང་བྱིན་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་པ་བདེན་ནམ།བཙུན་པ་མེད་དོ།།སངས་རྒྱས་བཅོམ
40b7 ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ།རྗེ་སུ་འཐུན་པ་མོ་ཡིན་པ།རུང་བ་མ་ཡིན་པ།ཚུལ་དང་འཐུན་པ་མ་ཡིན་པ་དེ་ནི།རབ་ཏུ་བྱུང་བས་བྱ་བ་མ་ཡིནོ།།བཟང་བྱིན་ངས་འདོད་ཆགས




iiif viewer powered by OpenSeadragon

40a - 41a

Texts on this page

N3 - 'dul ba rnam par 'byed pa