| | e-texts navigator
|
40a1 མཐོང་ན་ཅུང་ཟད་འགྱོད་པར་གྱུར།རྣམ་པར་འགྱོད་པར་གྱུར།རབ་ཏུ་འགྱོད་པར་གྱུར་ཅིང་འདུག་ལ་འགྱོད་པ་དང་ལྡན།འགྱོད་པ་ཐོབ་ཅིང་མི་སྨྲ་བར་གྱུར།
40a2 ཡུལ་ཡུལ་པོར་གྱུར།ཕྲག་བཀློད།གདོང་སྨད།སྤོབས་པ་མེད།སེམས་ཁོངསུ་ཆུད་ཅིང་འདུག་ན།ཚེ་དང་ལྡན་པ་བཟང་བྱིན་དེ་ལྟར་ཁྱོད་ལ་ལུས་ཀྱི་གནོད་པ་འམ།སེམས་ཀྱི
40a3 ཡོངསུ་གདུང་བ་འགའ་ཞིག་མེད་གྲང་།ཚེ་དང་ལྡན་པ་དག་བདག་ལ་ད་ལྟར་ལུས་ཀྱི་གནོད་པ་ནི་འགའ་ཡང་མེད་མེད་ཀྱི།འོན་ཀྱང་བདག་ལོ་སེམས་ཀྱི་ཡོངསུ་གདུང་བ་ཡོད།།ཚེ་དང
40a4 ལྡན་པ་ཁྱོད་ཀྱི་སེམས་ཀྱི་ཡོངསུ་གདུང་བ་གང་ཡིན།དེས་སྐྱབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་པ་དང་།དགེ་སློང་དེ་དག་དེ་ལ་མངོན་པར་བསྟོད་པར་ཡང་མི་བྱེད།ཕྱིར་ཟློག
40a5 པར་ཡང་མི་བྱེད་ཅིང་མངོན་པར་བསྟོད་པར་ཡང་མ་བྱས་ཕྱིར་བཟློག་པར་ཡང་མ་བྱས་པར་སྟན་དག་ལས་ལངས་ནས།བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན
40a6 འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏོ།མཐའ་གཅིག་ཏུ་འཁོད།།མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་དགེ་སློང་རབ་ཏུ་མང་པོ་དོག་གིས་སྐབས་དེ་སྐྱེ
40a7 པར་གསོལ་ཏོ།།དེ་སྐད་ཅེས་གསོལ་པོ་དང་།བཅོམ་ལྡན་འདས་ཀྱིས་དགེ་སློང་རབ་ཏུ་མང་པོ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།དགེ་སློང་དག་ཟག་པའི་གནས་ལྟ་བུའི་ཆོ
iiif viewer powered by OpenSeadragon
39b - 40b