e-texts navigator
Collection
Volume
Page
Wylie

39b1 གྲོལ་བ་དང་།ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་པ་དང་།ཞེ་སྡང་འདོད་ཆགས་དང་བྲལ་བར་བྱ་བ་དང་།གཏི་མུག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་།ཤེས
39b2 རབ་རྣམ་པར་གྲོལ་བའི་ཆོས་སྟོན་པ་དེ་ལྟ་དེ་ལྟར་ཀ་ལན་དཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་ཅུང་ཟད་འགྱོད་པར་གྱུར་རྣམ་པར་འགྱོད་པར་གྱུར་རབ་ཏུ་འགྱོད་པར་གྱུར་ཅིང་འདུག་ལ་འགྱོད་པ་དང་ལྡན་འགྱོད
39b3 པ་ཐོབ་ཅིང་ཅང་མི་སྨྲ་བར་གྱུར།ཡུལ་ཡུལ་པོར་གྱུར་ཕྲག་པ་ཀློད་དུ།དོང་སླད་སྤོབས་པ་མེད་སེམས་ཁོངསུ་ཆུད་ཅིང་འདུག།དེ་ནས་དུས་གཞན་ཞིག་ན་དགེ་སློང་རབ་ཏུ་མང་པོ་དག་གནས་ཉུལ་ཞིང
39b4 རྒྱུ་བ་ན་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་གནས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་ཡང
39b5 དག་པར་མགུ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ཏེ་མཐའ་གཅིག་ཏུ་འཁོད་དོ།།མཐའ་གཅིག་ཏུ་འཁོད་ནས་དགེ་སློང་རབ་ཏུ་མང་པོ་དག་གིས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་ལ
39b6 འདི་སྐད་ཅེས་སྨྲསོ།།ཚེ་དང་ལྡན་པ་བཟང་བྱིན་ཁྱོད་སྔན་ཆད་དགེ་སློང་གློ་ཟུར་དུ་ལྷགས་པ་དག་མཐོང་ན་བཤེས་པ་དང་བཅས་པ་ཉིད་ཀྱི་ཚིག་གིས་བསུ་ནས་ལྷུང་བཟེད་དང་ཆོས་གོས་དང་།ཁང
39b7 ཛྷ་དང་།གཏུར་བུ་དང་།རིལ་པོ་སྤྱི་ལུགས་དང་།འབྲུ་མར་སྣོད་དང་།ཞྭ་དང་།ལྷམ་སྒྲོག་གུ་ཅན་དང་།མཆིལ་ལྷམ་དག་ལེན་པར་བྱེད་ན།ཁྱོད་ད་ལྟར་དགེ་སློང་གློ་བུར་དུ་ལྷགས་པ་དག




iiif viewer powered by OpenSeadragon

39a - 40a

Texts on this page

N3 - 'dul ba rnam par 'byed pa