e-texts navigator
Collection
Volume
Page
Wylie

39a1 ན་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ།ཙནྡ་དན་བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་རིག་པ་དང་མངོན་པར་ཤེས་པ་དང་།སོ་སོ
39a2 ཡང་དག་པར་རིག་པ་ཐོབ་པ།སྲིད་པ་དང་འདོད་པའི་རྙེད་པ་དང་།བཀུར་བསྔལ་རྒྱབ་ཀྱིས་ཕྱོགས་པ་དབང་པོ་དང་ཉེ་དབང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་།རྗེད་པར་བྱ་བ་དང་།
39a3 མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ།།དེ་ནས་ཚེ་དང་ལྡན་པ་ས་བོན་པས་དགྲ་བཅོམ་པ་ཐོབ་ཅིང་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་སོ་སོར་ཡང་དག་པར་རིག་པོ་ན་དེའི་ཚེ་ཚིག་སུ་བཙོད་པ་སྨྲས
39a4 བ།ཆོས་རྣམས་ལ་ནི་སྐལ་པ་ཐོབ།།ཡབ་ནི་དཀོར་གྱིས་བདག་མི་གཏོང་།།བདག་གིས་ཧ་ཅང་ཕྱིན་ནས་ཤེས།།བདག་ནི་ཆུངས་ཤིན་ཏུ་འདས།།དེའི་ཚེ་ན་བཅོམ་ལྡན་འདས་དགེ་སློང
39a5 འཁོར་བརྒྱ་ཕྲག་དུ་མའི་མདུན་ན་བཞུགས་ཤིང་ཉན་ཐོས་རྣམས་ལ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་།ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་ཏོ།།
39a6 ཞེ་སྡང་འདོད་ཆགས་དང་བྲལ་བར་བྱ་བ་དང་གཏི་མུག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་།ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་ཏོ།།དེའི་ཚེ་ཀ་ལན
39a7 དཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་འཁོར་དེ་ཉིད་དུ་འདུག་ཅིང་འཐུན་པར་གྱུར་ཏོ།།བཅོམ་ལྡན་འདས་ཇི་ལྟ་ཇི་ལྟར་འདོད་ཆགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར




iiif viewer powered by OpenSeadragon

38b - 39b

Texts on this page

N3 - 'dul ba rnam par 'byed pa