| | e-texts navigator
|
38b1 མངོན་པར་དང་།ཆོས་དང་དགེ་འདུན་ལ་མངོན་པར་དང་།སངས་རྒྱས་ལ་སྐྱབསུ་སོང་།།ཆོས་དང་དགེ་འདུན་ལ་སྐྱབསུ་སོང་ཞིང་།དེས་སྲོག་གཅོད་པ་སྤངས་ཏེ།སྲོག་གཅོད་པ་ལས་ཕྱིར་ལོག།མ
38b2 བྱིན་པར་ལེན་པ་དང་།འདོད་པ་ལ་ལོག་པར་གཡེམ་པ་དང་།བརྫུན་དུ་སྨྲ་བ་དང་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ།འབྲུའི་ཆང་དང་བཅོས་པའི་ཆང
38b3 མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་ཕྱིར་ལོག་གོ།།དེ་པ་ལས་བྱུང་བའི་དད་པ་ལྔ་མ་དེ་ཉིད་རྗེ་སུ་སྤེལ་ཞིང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག
38b4 བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་།།དེ་དེ་ལྟར་རབ་ཏུ་བྱུང་ནས་གཅིག་པུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ་བདག་ཉིད་གཏང་བར་གནསོ།།གཅིག
38b5 བུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ་བདག་ཉིད་བཏང་བར་གནས་པ་ན།རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁེ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དགྲ་བགོས་ནས་ཡང་དག་པ་ཁོ་ནར་དད་པས
38b6 ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས།བདག་གི་སྐྱེ་བ་ཟད་ཚངས
38b7 པོར་སྤྱད་པ་སྤྱོད།།བྱ་བ་བྱསོ།།སྲིད་པོ་འདི་ལས་གཞན་མོ་ཤེསོ་ཞེས་གོ་བར་བྱེད་ཅིང་།དགྲ་བཅོམ་པ།ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ།བོང་བ་དང་གསོར་དུ་མཉམ་པ
iiif viewer powered by OpenSeadragon
38a - 39a