| | e-texts navigator
|
38a1 བའི་དབྱེས་ཆེ་བ་སྨིན་མ་འབྱར་བ་སྣའི་གཟངས་མཐོ་བ་བཞིག་བྱུང་།།དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཅས་སྟན་རྒྱ་ཚུར་བྱས་ནས།།ཁྱེའུ
38a2 ཡི་མིང་ཅིར་གདགས་ཤེས་མིང་འདོགས་པར་བྱེད་དོ།།དེ་དག་འདི་སྙམ་དུ་སེམས་ཏེ་གང་གི་ཕྱིར་ཁྱེའུ་འདི་ས་བོན་གྱི་ཆོས་ལ་བརྟེན་ཏེ་རྙེད་པ་དེའི་ཕྱིར་ཁྱེའུ་ཡི་མིངས་ཞེས་བྱའོ་ཞེས་དེའི་མིང་ས་བོན་པ
38a3 ཞེས་བྱ་བར་བཏག་སོ།།ཁྱེའུ་ས་བོན་པ་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་།ནུ་མ་བསྣུན་པའི་མ་མ་གཉིས་དང་།དྲི་མ་འཕྱི་བའི་མ་མ་གཉིས་དང་།རྩེན་གྲོགས་ཀྱི་མ་མ་གཉིས་ལ
38a4 རྗེ་སུ་གཽཏ་།།དེ་མ་མ་བརྒྱད་པོ་དག་གིས་འོ་མོ་དང་ཞོ་དང་།མར་དང་ཞུན་མར་དང་མར་གྱི་ཉིང་ཁྲི་དང་།གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད་སྐྱེད་པར་བྱེད་ཅིང་།།
38a5 རྫིང་ན་གནས་པའི་པདྨ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ།།དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་གྲངས་དང་རྩིས་དང་ལག་རྩིས་དང་།དབྱུང་བ་དང་།བཞུགས་པ་དྲོང་གཞག་པ་ལ་ཉེ་བར
38a6 ཞུགས་ནས།དེ་ཡི་གེའི་མཐར་ཕྱིན་ཅིང་འབྱེད་པ་དང་ཀློག་པ་དང་།མཁས་པ་དང་སྤྱོད་པ་གསལ་བ་དང་།བརྟག་པ་བརྒྱད་པོ་འདི་ལྟ་སྟེ་རིན་པོ་ཆེ་བརྟག་པ་དང་།གཞི་བརྟག་པ་དང་ཀོས
38a7 བརྟག་པ་དང་།ཤིང་བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་།རྟ་བརྟག་པ་དང་།བུད་མེད་བརྟག་པ་དང་།སྐྱེས་པ་བརྟག་པ་ལ་མཁས་པར་གྱུར་ཏོ།།དེ་དུས་གཞན་ཞིག་ན་སངས་རྒྱས་ལ
iiif viewer powered by OpenSeadragon
37b - 38b