| | e-texts navigator
|
37b1 ཁ་མོའི་བྱ་བ་དག་བྱེད་པ་དང་།གསོས་པས་ཕྱིར་གསོ་བ་དང་།བགོ་སྐལ་སྤྱོད་པ་དང་།ཁ་མའི་རིགས་བརྒྱུད་ཡུན་རིང་དུ་གནས་པར་འགྱུར་བ་དང་།བདག་ཅག་ཤི་ཞིང་དུས་ལ་ཕབ་པ་དག་ལ་ཉུང་ངུའམ།
37b2 མང་པོ་ཡང་རུང་བའི་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས།འོད་དེ་གཉིས་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེ་སུ་འགྲོ་བར་གྱུར་ཅིག་ཅེས་མིང་གིས་ཡོན་བཤད་པ་བྱེད་པར་གྱུར་ཅིག་ཙས་ཚད་དུ
37b3 བརྗོད་པ་ཆེད་དུ་བརྗོད་པར་བྱེད་དོ།།དེ་ལ་སེམས་ཅན་ཞུགས་པར་རིག་ནས་འདི་ལྟ་སྟེ།མངལ་ན་གནས་པ་ཡོངསུ་སྨིན་པར་བྱ་བའི་ཕྱིར།སྟེང་གི་ཁང་བཟངས་ཀྱི་བཞིར་གཏོགས་པར་གྲང་བ་ན་གྲང་པོའི
37b4 ཡོ་བྱད་དག་དང་།དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་།སྨན་པས་བཅས་པའི་ཁ་ཟས་ཧ་ཅང་མི་ཁ་བ་དང་།ཧ་ཅང་མི་སྦྱར་བ་དང་།ཧ་ཅང་ལན་ཚྭ་མི་ཆེ་བ་དང་།ཧ་ཅང་མི་མངར་བ་དང་།ཧ་ཅང་མི་ཚ་བ་དང་།
37b5 ཧ་ཅིང་མི་བསྐ་བ་དང་།ཁ་བ་དང་།སྐྱུསྒྱུར་བ་དང་།ལན་ཚྭ་དང་མངར་བ་དང་བསྒྲ་བ་རྣམ་པར་སྤངས་པའི་ཟས་དག་དང་།དོ་ཤལ་དང་སེ་མོ་དོ་དང་།རྒྱུན་གྱིས་ཀླུབས་པའི་ལུས་ལྷའི་བུ་མོ་དགའ་བའི
37b6 ཚལ་ནི་རྣམ་པར་སྤྱོད་པ་ལྟ་བུ་དང་།ཁྲི་ནས་ཁྲིར་དང་།ཁྱེའུར་དང་།ཤོད་ཀྱི་ས་གཞིའི་མ་འབབ་པ་དང་།དེས་སྒྲ་ཡིད་དུ་མི་འོང་བ་ཆུང་ཟད་ཀྱང་མི་ཐོས་པར་གནོད་པ་མེད་པ་ཉིད་དུ་རིམ་གྲོ་བྱེད་དུ
37b7 འཛུད་།།དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས་ཁྱེའུ་གཟུགས་བཟང་བ་བལྟ་ན་སྡུག་པ་མཛེས་པ་གསལ་བ་གསེར་གྱི་མདོག་འདྲ་བ་མགོ་གདུགས་ལྟ་བུ་དང་ལྡན་པ་ལག་པ་རིང་བད་ཕྲལ
iiif viewer powered by OpenSeadragon
37a - 38a