e-texts navigator
Collection
Volume
Page
Wylie

37a1 ནུས་བཟུང་སྟེ།ཕྱོགས་གཅིག་ཏུ་སོང་ནས་ཆོས་གོས་ངག་བཞག་སྟེ།དེ་དང་ལྷན་ཅིག་ཏུ་མི་ཚངས་པར་སྤྱོད་པ་འཁྲིགས་པའི་ཆོས་ལན་གཉིས་ལན་གསུམ་དུ་བསྟན་ཏོ།།སེམས་ཅན།
37a2 སྲིད་པ་ཐམས་ཅོད་པ་ཚོལ་བ་ཐར་པའི་སྤྱོད་པོ་བཟུང་བ་མྱ་ངན་ལས་འདས་པ་ལ་ཕྱོགས་པ།འཁོར་བ་ལས་ཕྱིར་ཕྱོགས་པ།སྲེད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་བ་དང་།སྨྲ་བ་དོན་དུ་མི་གཉེར་བ
37a3 ལུས་ཐ་མ་འཛིན་པ་ཞིག་ཀྱང་།ལྷའི་རིས་བཟང་པོ་ཞིག་ནས་ཤི་འཕོས་ཏེ།དེ་སྐུ་དགུའི་བདག་མོའི་མངལ་དུ་ཞུག་སོ།།བུད་མེད་ཀྱི་ཡུལ་མཁས་པས་རང་བཞིན་ཅན་ལ་ལ་ལ་མ་འདྲེས་པའི་ཆོས་ལྔ
37a4 ཡོད་དེ།ལྔ་གང་ཞེ་ན།སྐྱེས་པ་ཆགས་པར་གྱུར་པ་ཤེས་ཤིང་ཆགས་པ་དང་བྲལ་བ་ཤེས་པ་དང་།དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་།མངལ་ན་གནས་བཞུགས་པ་ཤེས་པ་དང་།གང་ལས
37a5 མངལ་ན་གནས་པ་ཞུག་པ་དེ་ཤེས་པ་དང་།ཁྱེའུ་ཤེས་ཤིང་བུ་མོ་ཤེས་པ་སྟེ།གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་ཅིང་འདུག་ལ།གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་རྟེན་ཅིང་འདུག་པའོ།།
37a6 དེ་ཡིད་དགའ་ཞིང་ཡིད་དགའ་ནས་སྒྱུག་མོ་ལ་སྨྲས་པ།ཡུམ་མཁྱེན་པར་མཛོད་ཅིག།བདག་ལ་སེམས་ཅན་ཞུགས་པར་གྱུར་པ་ནི་འདི་ལྟར་བདག་གི་དཀུ་གཡས་པར་རྟེན་ཅིང་མཆིས་པས་ངེས་པར
37a7 ཁྱེའུར་འགྱུརརོ།།དེ་ཡང་ཡིད་དགེ་འ་ཞིང་ཡིད་དགའ་ནས་འདི་སྐད་ཅེས།།ཁོ་མོ་ཡུན་རིང་པོ་ནས་མངོན་པར་འདོད་པ་ཚ་བོའི་ངོ་མཐོང་བ་དང་།ཁོ་མོ་དང་འཐུན་པར་སྐྱེ་ཞིང་མི་འཐུན་པར་མི་སྐྱེ་བ་དང་།




iiif viewer powered by OpenSeadragon

36b - 37b

Texts on this page

N3 - 'dul ba rnam par 'byed pa