| | e-texts navigator
|
36b1 བཟང་བྱིན་ལ་འདི་སྐད་ཅེས་སྨྲསོ།།བུ་བཟང་བྱིན་གལ་ཏེ་ཁྱོད་མི་འདོད་པའམ།།མངོན་པར་མི་དགའ་བ་འམ།རྣམ་པར་འཁྱམ་འདོད་པར་མི་འགྱུར་ཞིང་།དགེ་སྦྱོང་གི་ཚུལ་དོན་དུ་མི་གཉིས་པ།
36b2 མ་ཡིན་པའམ།དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པ་མ་ཡིན་པ་འམ།མུས་བྱུང་བ་མ་ཡིན་པའམ།ཐེ་ཚོམ་ཟ་བ་མ་ཡིན་པ་འམ།སྨོད་པ་མ་ཡིན་པ་འམ།ཁྱོད་དགེ་སྦྱོང་གི་ཚུལ་ཡོངས་སུ
36b3 གཏོང་འདོད་པ་མ་ཡིན་པ་ལྟོ་ན།བུ་ཁྱོད་ཀྱི་བོག་སར་འདི་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པར་གྱུར་གྱིས་འདི་ལ་ས་བོན་གྱི་ཆོས་ཅུང་ཞིག་རྗེ་སུ་བྱིན་ཅིག།ཁྱོད་ལ་བུ་མེད་པའི་ཕྱིར་དབང་བའི་རྫས
36b4 ཐམས་ཅད་དེ་བཞིན་དུའམ་ཇི་ལྟར་ཡང་རུང་བས་རྒྱལ་པོས་དབང་དུ་བྱས་པར་གྱུར་ན་མི་རུང་ངོ་།།དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱིས་སྔར་བསླབ་པའི་གཞི་མ་བཅས་ཤིང
36b5 ཉེས་པ་མ་མཐོང་ལ་བུད་མེད་ཀྱི་ཡུལ་གཞོན་ནུ་ཁ་དོག་བཟང་བ་ཆགས་པར་གྱུར་པ་མཐོང་ནས།འདོད་ཆགས་ཀྱིས་སེམས་ཟིལ་གྱིས་ནོན་ཅིང་དོ་འདོད་ཆགས་ཀྱིས་སེམས་ཟིལ་གྱིས་ནོན་ཕྲ
36b6 ཡོངསུ་གདུང་བའི་ལུས་དང་།ཡོངསུ་གདུང་བའི་སེམས་དང་ལྡན་ཞིང་དེ་ཡོངསུ་གདུང་བཞིན་པའི་ལུས་དང་ཡོངསུ་གདུང་བཞིན་པའི་སེམས་ཀྱིས་མ་ལ་འདི་སྐད་ཅེས་སྨྲསོ།།ཡུམ་བདག་གིས་དེ་ལྟར
36b7 བགྱིར་རུང་ངམ།བུ་བཟང་བྱིན་འདི་ལྟ་སྟེ་ས་བོན་གྱི་ཆོས་ལ་བརྟེན་ནས་ཤིང་དུ་རུང་ངོ་།།དེ་ནས་ཀ་ལིན་དཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱིས་མ་ལས་མཉན་ཏེ།སྔོན་གྱི་ཆུང་མའི་ལག་པ་གཎྜཱི
iiif viewer powered by OpenSeadragon
36a - 37a