e-texts navigator
Collection
Volume
Page
Wylie

36a1 སྤོས་དང་།ཕྱེ་མ་དང་།གོས་དང་རྒྱན་ཇི་ལྟ་བུ་དག་གིས་བརྒྱན་ན།ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་སྔོན་ཁྱིམ་པ་ཉིད་ན་དགའ་བ་དང་།ཡིད་དུ་འོང་བར་གྱུར་པ
36a2 དེ་ལྟ་བུའི་སྐུ་མཉེས་སྐུ་མཉེ་བྱས།དེ་ལྟ་བུའི་ཁྲུས་ཀྱིས་ཁྲུས་བྱས།དེ་ལྟ་བུའི་དྲི་དང་ཕྲེང་བ་རྒྱུ་དང་བདུག་སྤོས་དང་།ཕྱེ་མ་དང་།གོས་དང་རྒྱན་དག་གིས་བརྒྱན་ནས།ཀ་ལན་ད་ཀའི་བུ་ཚེ
36a3 དང་ལྡན་པ་བཟང་བྱིན་གྱི་མ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཀ་ལིན་དཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མ་ལ་འདི་སྐད་ཅེས་སྨྲས།།ཡུམ་ངན་བུ་འདི་འདྲ་ན་བདག་གིས་ཅི་ཞིག་བགྱི།།དེ
36a4 ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་མ་མནའ་མ་དང་ཤིང་རྟ་གཅིག་ཏུ་ཞུགས་ཏེ།ཀཽ་ལན་ད་ཀའི་གྲོང་ནས་བྱུང་ནས།ཀ་ལན་དཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་གནས་ག
36a5 ལ་བ་དེར་སོང་སྟེ་ཕྱིན་ནས་བཞོན་པའི་ས་ཛོ་བསྲིད་པ་དེ་སྲིད་དུ་བཞོན་པས་སོང་སྟེ།གཞོན་པ་ལས་བ་བྲ་ནས།རྐང་པ་དག་ཁོ་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟོད་བྱིན་གྱི་དྲུང་དུ
36a6 སྡོང་ངོ་།།དེའི་ཚེ་ནཽ་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གནས་ཀྱི་ཕྱི་རོལ་བླ་གབ་མེད་པའི་འཆགས་ན་འཆག།ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མས་ཀཽ་ལན་དེ་ཀར
36a7 བུ་ཚེ་དང་ལྡན་པ་བཟང་བྱིན་ཐག་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་།།མཐོང་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས།ཀ་ལོན་ད་ཀའི་བུ་ཚེ་དང་ལྡན་པ




iiif viewer powered by OpenSeadragon

35b - 36b

Texts on this page

N3 - 'dul ba rnam par 'byed pa